Skip to main content Skip to search
sbrul chen
ID:
T239040
  • སྦྲུལ་ཆེན (Tibetan, Tibetan script, Original)
    • > sbrul chen (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drul chen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལུས་ཀྱི་རིང་ཚད་སྨི་4.6~6ཙམ་ཡོད་པས་ཕལ་ཆེར་ཕོ་འདོམས་བཞི་ལྔ་ཙམ་ལ་སྦོམ་ཞིང་རྒྱས་པ། མགོ་ཅུང་ཟད་ཆུང་བ། ཁ་དོག་ཁམ་སེར་དང་དུད་ཁ་ལ་ཁྲ་ཐིག་སེར་སྐྱ་དྲ་བ་རིས་ཀྱིས་ས་པ། ཨོག་མ་དང་ལྟོ་བ་དཀར་པོ། ཚ་བ་ཆེ་བའི་ས་ཁུལ་གྱི་ནགས་ཚལ་དུ་གནས་ཤིང་། ལུས་ལྗིད་ཚད་རྒྱ་མ་ཉི་ཤུ་དང་སུམ་ཅུ་ཙམ་ཡོད་པའི་རི་དྭགས་རྣམས་ཁྱུར་མིད་ཐུབ་པ། གཙོ་བོ་བྲ་བྱིའི་རིགས་དང་། བྱ་རིགས་སོགས་ལ་འཚོ་རྟེན་བྱེད་པ། དུག་མེད་པ་ཞིག་ཡོད་པ་དེའི་མཁྲིས་པའི་ནུས་པས་ནད་སྤྱི་ལ་ཕན་ཞིང་། ཁྱད་པར་ཁོང་སྲིན་གསོད། མིག་གསལ། མཚོན་རྨ་འདྲུབ། རྨ་ཐོར་སྐེམས།

language:
Tibetan

2. Negi Tibetan-Sanskrit Dictionary

= སྦྲུལ་ཆེན་པོ།

language:
Sanskrit