- ma nu shu zur
- ID:
- T239118
- མ་ནུ་ཤུ་ཟུར (Tibetan, Tibetan script, Original)
- > ma nu shu zur (Tibetan, Latin script, Transliteration-THL Extended Wylie Transliteration)
- > manu shu zur (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྒ་སྨུག་རྒོད་གཡུང་གཉིས་ཀྱི་ཡ་གྱལ་རྒོད་པའི་མིང་གི་རྣམ་གྲངས་ཤིག་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། མ་ནུ་ཤུ་ཟུར་ནི། སྤྱིར་སྒ་ལ་སྒ་སྐྱ་དང་། སྒ་སེར། སྒ་སྨུག་བཅས་རིགས་གསུམ་དང་། བྱེ་བྲག་ནང་གསེས་སུ་དབྱེ་ན་སྒ་སྨུག་ལའང་རིགས་གསུམ་མཆིས་ཤིང་། གཡུང་བ་མདོག་དམར་ཤས་ཆེ་བ་ལ་སྒ་དམར། སྨུག་ཉམས་ལྡན་པ་ལ་སྒ་སྨུག རྒོད་པ་སྨུག་ཉམས་དོད་ཙམ་མཁྲེགས་ཤིང་ཁོང་སྤུ་ཡོད་པ་ལ་མ་ནུ་ཤུ་ཟུར་ཞེས་ཟེར་ཞིང་། དེ་ལ་མིང་གི་རྣམ་གྲངས་ཀྱང་མང་པོ་མཆིས་ཏེ། སྨན་རྒྱལ་བསྟན་པའི་ཉིན་བྱེད་ཀྱིས་ཞལ་ཁྲིད་ལས། ཟུར་པ་སྒ་དང་ཤུ་ཟུར་དང་། མ་ནུ་ཤུ་ཟུར་སྒ་རྒོད་དཀར། ཟུག་པ་མ་ནུ་རྣམས་དོན་གཅིག སྒ་སྨུག་རྒོད་པའི་མིང་ཡིན་ནོ། །ཞེས་གསུངས་པ་ལྟར་དང་། གཞན་ཡང་བྱང་ལུགས་འགའ་ཞིག་གིས་སྒ་སྐྱ་དང་། སྒ་སེར་། སྒ་སྨུག སྒ་དམར་བཅས་སྒ་རིགས་བཞི་རུ་དབྱེ་བ་དང་། འགའ་ཞིག་གིས་ཤུ་ཟུར་དང་། ཟུར་པ་སྒ་དང་། སྒ་རྒོད་རྣམས་སྒ་རིགས་གསུམ་གྱི་ནང་དུ་མི་འདྲེན་ནས་ལོགས་སུ་དབྱེ་བར་མཆིས་ཀྱང་དེ་དག་གཞུང་དོན་དང་མི་མཐུན་ཞིང་། དང་པོ་ལྟར་ན་རྒྱུད་ལུང་གང་ལས་ཀྱང་སྒ་རིགས་གསུམ་ལས་བཞི་མ་གསུངས་པའི་ཕྱིར་དང་། ཕྱི་མ་ལྟར་ན་ངོས་འཛིན་སའི་གཞི་མེད་པའི་ཕྱིར་དུའོ། །
- language:
- Tibetan