- ma dpe 'dra bshus
- ID:
- T239126
- མ་དཔེ་འདྲ་བཤུས (Tibetan, Tibetan script, Original)
- > ma dpe 'dra bshus (Tibetan, Latin script, Transliteration-THL Extended Wylie Transliteration)
- > ma pé dra shü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རི་མོ་དང་ཡིག་གཟུགས་སོགས་ཀྱི་མ་དཔེ་ལྟར་བསྐྱར་དུ་གསར་བྲིས་བྱས་པའི་བརྩམས་བྱར་ཟེར། དེའི་ནང་རྒྱུན་སྲོལ་གྱི་བྱེད་ཐབས་ལག་རྩལ་སློབ་སྦྱོང་བྱེད་པའི་ཆེད་དུ་བཟོས་པའི་མ་དཔེ་འདྲ་བཤུས་དང་། མ་དཔེ་ངོ་མ་སྲུང་ཉར་རམ། ལག་རྩལ་རྒྱུན་སྤེལ་གྱི་ཕྱིར་དུ་བཟོས་པའི་མ་དཔེའི་ཚབ་བྱེད་ཀྱི་རྣམ་པ་ལྡན་པའི་མ་དཔེ་འདྲ་བཤུས། དེ་བཞིན་རི་མོ་ཉར་ཚགས་པར་མགོ་སྒོར་གཏོང་ཆེད་དུ་རྫུན་བཟོ་བྱས་པའི་མ་དཔེ་འདྲ་བཤུས་སོགས་ཡོད། འདྲ་བཤུས་བྱེད་མཁན་གྱི་རི་མོ་བའི་ལག་རྩལ་ཆུ་ཚད་མཐོ་དམན་མི་འདྲ་བར་བརྟེན། མ་དཔེ་འདྲ་བཤུས་བྱས་པ་རྣམས་མ་དཔེ་དང་འདྲ་ཚད་ཀྱང་གཅིག་མཚུངས་མེད། རི་མོ་དང་ཡིག་གཟུགས་ཀྱི་མ་དཔེ་འགའ་ཞིག་བོར་བརླག་སོང་བའི་རྐྱེན་གྱིས་རྗེས་སུ་མ་དཔེ་འདྲ་བཤུས་འགའ་ཞིག་ཀྱང་མ་དཔེར་ཞིབ་འཇུག་བྱེད་པའི་རྩ་ཆེའི་དཔྱད་གཞིའི་རྒྱུ་ཆར་འགྱུར་གྱི་ཡོད།
- language:
- Tibetan