- ma byin par mi len pa'i khrims
- ID:
- T239132
- མ་བྱིན་པར་མི་ལེན་པའི་ཁྲིམས (Tibetan, Tibetan script, Original)
- > ma byin par mi len pa'i khrims (Tibetan, Latin script, Transliteration-THL Extended Wylie Transliteration)
- > majinpar mi lenpé trim (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཞན་གྱི་རྒྱུ་ནོར་བརྐུས་མི་ཆོག་པའི་ཁྲིམས་ཤིག་སྟེ། ཡོངས་གྲགས་སུ་བརྐུས་པ་འཇལ་གྱི་ཞལ་ལྕེ་ཟེར། དེ་ཡང་སྔར་བཙན་པོའི་དུས་སྐབས་སུ་བརྐུས་འཇལ་ཐོབ་ཆ་མཐོ་ཤོས་བླ་མ་དང་། དགོན་པ། ལྷ་ཁང་བཅས་ལ་བརྒྱ་འཇལ་ཞེས་ལྡབ་བརྒྱ་ཐམ་པའི་རིན་ཐང་གི་ཉེས་ཆད། དེའི་འོག་ཡུལ་གྱི་རྒྱལ་པོའི་རྒྱུ་ནོར་ལ་བརྐུས་འཇལ་ལྡབ་བརྒྱད་ཅུ། ཡུལ་མི་རང་མཉམ་ལུང་པའི་མི་ལ་བརྐུས་འཇལ་ལྡབ་དང་ངོ་བོ་རྩིས་པའི་བརྒྱད། ཁྱིམ་མཚེས་ལུང་པ་གཞན་གྱི་མིས་བརྐུས་པ་ལ་བརྐུས་འཇལ་ལྡབ་བརྒྱད་དང་ངོ་བོ་བརྩིས་པའི་དགུ་འཇལ་སྤྲོད་པ་བཅས་ཡིན།
- language:
- Tibetan