Skip to main content Skip to search
ma smin pa'i tsha ba
ID:
T239141
  • མ་སྨིན་པའི་ཚ་བ (Tibetan, Tibetan script, Original)
    • > ma smin pa'i tsha ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > maminpé tsawa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མ་སྨིན་པའི་ཚ་བ་ཞེས་པ་ནི་ཚ་བའི་ནད་བད་རླུང་དང་བསྡོངས་ནས་རླུང་གིས་ཚ་བའི་ནད་ལུས་ཟུངས་ལ་ཁྱབ་པར་གཏོར་བས་ཚ་བ་བྱེད། དེ་ལ་བད་ཀན་གྱིས་ཚ་བའི་མགོ་མནན་ནས་ཚ་བའི་ནད་ཤུགས་གང་ཡོད་ཡོངས་རྫོགས་སྐྱེ་མ་ནུས་པ་དེ་ལ་ཟེར། དཔེར་ན་མེའི་ཐོག་ཏུ་ཤིང་རློན་པ་བསྣན་ན་རློན་པའི་སྟོབས་ཀྱིས་མེ་ཤུགས་ཡོངས་རྫོགས་སྐྱེ་མ་ནུས་ཤིང་། མེའི་འཕྲོ་ཡང་ཆད་མ་ཐུབ་པ་དུ་བ་འབྱུང་བ་ལྟ་བུ་དེ་ལ་ཚ་བ་མ་སྨིན་པ་ཟེར། སྐབས་འདི་ཚ་བའི་ནད་དེ་ལུས་ཟུངས་དང་དབྱེར་མེད་དུ་འདྲེས་ཏེ། ནད་ཁྲག་དང་ཟུངས་ཁྲག་གཉིས་ཆུ་དང་འོ་མ་འདྲེས་པ་འདྲ་བ་ཡུངས་དཀར་གྱི་མར་བཞིན་ལུས་ཀུན་ལ་ཁྱབ་ཡོད་པ་རེད།

language:
Tibetan