Skip to main content Skip to search
ma smin pa'i tsha ba'i dbye ba
ID:
T239142
  • མ་སྨིན་པའི་ཚ་བའི་དབྱེ་བ (Tibetan, Tibetan script, Original)
    • > ma smin pa'i tsha ba'i dbye ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > maminpé tsawé yewa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

༡ རང་ཉིད་སྨིན་པ། ནད་ཁམས་ཁྲག་མཁྲིས་ཤས་ཆེ་བའི་མི་རྣམས་ལ། ཚ་བ་ཁྲག་མཁྲིས་སོགས་རང་གནས་སུ་བབས་པར་ཟས་སྤྱོད་མ་ལོག་པར་བརྟེན་པ་ནི་རྒྱུན་ལྡན་གྱི་ཚ་བ་ཡིན། དེ་ནི་མཁྲིས་ཤས་ཆེ་ན་ཞག་བདུན་གྱི་དུས་སུ་སྨིན་པས། དེ་ལ་རྩ་དྲག་ཞན། ཆུ་རྙོག་མིན། དང་ག་བདེ་མིན། མགོ་དང་ཚིགས་བཞི་ན་ཆེ་ཆུང་། གྲང་ཤུམ་བྱེད་ལུགས་རྣམས་ལས་ནད་སྟོབས་ཆེ་ཆུང་དཔག་དགོས། ༢ སྨིན་ལོང་མེད་པ། ---1---གནད་དུ་བབས་པ། གློ་བུར་དུ་དོན་སྣོད་རྣམས་ལ་འགྲམས་འཁྲུགས་རིམས་དུག་རྣམས་བབས་པས་དོན་སྣོད་འདྲུལ་བས་སྨིན་པའི་ལོང་ཁམས་ཀྱི་དུས་མེད་དོ། ---2---སྦྱོར་བ་ལོག་པ། ཚ་བབ་བད་རླུང་གཉིས་ལ་བབས་པ་ཟས་ཤ་ཆང་སོགས་དྲོད་ཅན་དང་། སྤྱོད་ལམ་དྲག་ཤུགས་བཅས་འདོམ་པས་ཚ་བ་སྨིན་ལོང་མེད་པ་སྲོག་ལ་མྱུར་དུ་རྒོལ་བ་དེའི་རྟགས་སུ་ལུས་ཀྱི་སྟོབས་དང་། དབང་པོའི་གཟི་མདངས་རྣམས་འཆོར། ན་མ་ཐག་ཏུ་ཟུག་ཆེ་ཅར་ལ་ཐེབས་ཞེས་པ་ནད་ཕོག་མ་ཐག་ཏུ་འགུལ་མི་ནུས་པ། ཉལ་བ་དང་། སྙེས་པ། ཙོག་པུར་གང་འདྲ་འདུག་ཀྱང་མི་བདེ་བ་སོགས། ༣ སྨིན་དུ་མི་འདོད་པ། ---1---རླུང་གིས། རྩ་འཁྲུག ལུས་ཀུན་བརྡུངས་པ་འདྲ་བ། སྟོང་སྐྱུགས་བྱེད། གཡལ་འབྱུང་། ལུས་འདར། མིག་དཔངས་མཐོ། མཆི་མ་འཛག ---2---བད་ཀན་དག་གིས། ཁ་མངལ། མཆིལ་སྣབས་མང་། ཕོ་བ་རྫིང་བ་སྟེ་རྒྱས་པ། དང་ག་མི་བདེ་ཞིང་སྐྱུག་པ། ལུས་དྲོད་ཆུང་བ་བཅས་སོ། ---3---རྐྱེན་གྱིས་བྱེར་བ། ཆུ་གྲང་ཞོ་དར་གཏར་བཤལ་རྔུལ་ཐང་སོགས་ཀྱིས་རྐྱེན་གྱིས་བྱེར་བའི་རྟགས་ནི། ལུས་རྔུལ། ཤེད་ཆུང་། གྲང་ཤུམ་མ་ངེས་པ། མེ་ཉི་ལ་དད།

language:
Tibetan