- ma zhang grom pa skyes kyi dur sa
- ID:
- T239149
- མ་ཞང་གྲོམ་པ་སྐྱེས་ཀྱི་དུར་ས (Tibetan, Tibetan script, Original)
- > ma zhang grom pa skyes kyi dur sa (Tibetan, Latin script, Transliteration-THL Extended Wylie Transliteration)
- > ma shyang drompa kyé kyi dursa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ལོ་རྒྱུས་ཆོས་འབྱུང་ཁག་གི་ནང་བཙན་པོ་ཁྲི་ལྡེ་གཙུག་བཙན་སྐུ་གཤེགས། སྲས་ཁྲི་ལྡེ་བཙན་སྐུ་ན་མ་སོན་པའི་བར་དེར་མ་ཞང་གྲོམ་པ་སྐྱེས་ཀྱིས་སྲིད་བཟུང་ཞིང་། དེའི་སྐབས་བོད་དུ་ཆོས་བྱེད་མི་ཆོག་པའི་ཁྲིམས་བཅད། ཁྲི་སྲོང་སྐུ་ནར་སོན་རྗེས་བློན་པོ་ཆོས་ལ་དགའ་བ་རྣམས་དང་ཞལ་མཐུན་ཏེ་བློན་པོ་རྒོད་རྒན་གྱིས་ཐབས་ལ་བརྟེན་ནས་མ་ཞང་གྲོམ་པ་སྐྱེས་སྟོད་ལུང་བྲང་ཕུར་དུར་དུ་གསོན་པོར་བཅུག་ཚུལ་གསལ་བ་ལྟར་གནས་ཆུང་གྲོང་བརྡལ་གྱ་ཁོངས་སྟག་བྲག་དགོན་པའི་ལྷོ་ངོས་སུ་ས་ཕུང་ཆེན་པོ་གསུམ་ཡོད་པ་དེ་ནས་དེ་སྔ་སྟོད་ལུང་ཁྲི་ཟམ་ཉམས་གསོའི་དུས་ས་རྡོ་ལེན་སྐབས་ཐེངས་ཤིག་ས་འོག་ཏུ་རྩིག་ཤུལ་ཞིག་ནས་མིའི་རྐང་པ་ཞིག་དོན་སྐབས་མི་ཚོར་འཇིགས་སྣང་བྱུང་བས་དེ་མ་ཐག་ས་རྡོ་བསྔོགས་མཚམས་བཞག་པ་རེད་ཅེས་བཤད་སྲོལ་འདུག་པ་དེ། ལོ་རྒྱུས་ཐོག་བཀོད་པའི་ས་མིང་དང་སྟག་ལུང་བྲག་གི་ཕུར་བྲང་པུ་ཟེར་བ་གཉིས་རྩེ་མཐུན་པ་མ་ཟད། དེ་གར་ས་ཕུང་བང་སོ་འདྲ་བ་ཡོད་པ་དང་། མི་རྐང་དོན་པ་བཅས་ལ་གཞིགས་ན་མ་ཞང་གྲོམ་པ་སྐྱེས་ཀྱི་བང་སོ་དེ་མིན་ནམ་སྙམ། །
- language:
- Tibetan
2. Thupten Phuntsok Dictionary
ལོ་རྒྱུས་ཆོས་འབྱུང་ཁག་གི་ནང་བཙན་པོ་ཁྲི་ལྡེ་གཙུག་བཙན་སྐུ་གཤེགས། སྲས་ཁྲི་ལྡེ་བཙན་སྐུ་ན་མ་སོན་པའི་བར་དེར་མ་ཞང་གྲོམ་པ་སྐྱེས་ཀྱིས་སྲིད་བཟུང་ཞིང་། དེའི་སྐབས་བོད་དུ་ཆོས་བྱེད་མི་ཆོག་པའི་ཁྲིམས་བཅད། ཁྲི་སྲོང་སྐུ་ནར་སོན་རྗེས་བློན་པོ་ཆོས་ལ་དགའ་བ་རྣམས་དང་ཞལ་མཐུན་ཏེ་བློན་པོ་རྒོད་རྒན་གྱིས་ཐབས་ལ་བརྟེན་ནས་མ་ཞང་གྲོམ་པ་སྐྱེས་སྟོད་ལུང་བྲང་ཕུར་དུར་དུ་གསོན་པོར་བཅུག་ཚུལ་གསལ་བ་ལྟར་གནས་ཆུང་གྲོང་རྡལ་གྱི་ཁོངས་སྟག་བྲག་དགོན་པའི་ལྷོ་ངོས་སུ་ས་ཕུང་ཆེན་པོ་གསུམ་ཡོད་པ་དེ་ནས་དེ་སྔ་སྟོད་ལུང་ཁྲི་ཟམ་ཉམས་གསོའི་དུས་ས་རྡོ་ལེན་སྐབས་ཐེངས་ཤིག་ས་འོག་ཏུ་རྩིག་ཤུལ་ཞིག་ནས་མིའི་རྐང་པ་ཞིག་དོན་སྐབས་མི་ཚོར་འཇིགས་སྣང་བྱུང་བས་དེ་མ་ཐག་ས་རྡོ་བསྔོགས་མཚམས་བཞག་པ་རེད་ཅེས་བཤད་སྲོལ་འདུག་པ་དེ། ལོ་རྒྱུས་ཐོག་བཀོད་པའི་ས་མིང་དང་སྟག་ལུང་བྲག་གི་ཕུར་བྲང་པུ་སེར་བ་གཉིས་རྩེ་མཐུན་པ་མ་ཟད། དེ་གར་ས་ཕུང་བང་སོ་འདྲ་བ་ཡོད་པ་དང་། མི་རྐང་དོན་པ་བཅས་ལ་གཞིགས་ན་མ་ཞང་གྲོམ་པ་སྐྱེས་ཀྱི་བང་སོ་དེ་མིན་ནམ་སྙམ།
- language:
- Tibetan