- ma zhu ba ngo bo'i sgo nas dbye na
- ID:
- T239153
- མ་ཞུ་བ་ངོ་བོའི་སྒོ་ནས་དབྱེ་ན (Tibetan, Tibetan script, Original)
- > ma zhu ba ngo bo'i sgo nas dbye na (Tibetan, Latin script, Transliteration-THL Extended Wylie Transliteration)
- > mashyuwa ngowö goné yé na (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྙིགས་མ་མ་ཞུ་དང་། དྭངས་མ་མ་ཞུ་བ་གཉིས་ཡོད་ཅིང་། ༡ སྙིགས་མ་མ་ཞུ་བ་ནི། ཁ་ཟས་གང་མ་ཞུ་བ་དེ་ཉིད་ཕོ་བ་དང་ལོང་གི་ནང་དུ་བེ་སྣབས་འཕེལ་བ་དེས་གཏུམས་ནས་གནས་པ་དེ། ཡུན་དུ་ལོན་ནས་རྙིང་པ་ཆགས་པ་དང་སྙིགས་མ་འདྲིལ་བའི་ཟས་སྐྲན་དུ་འགྱུར་རོ། །༢ དྭངས་མ་མ་ཞུ་བ་ནི། གཅོང་སྡེ་བཞི་སྟེ། མེ་མཉམ་རླུང་གི་མཐུ་ཉམས་ནས་ཁ་ཟས་དྭངས་སྙིགས་མ་ཕྱེད་པའི་སྙིགས་མ་ཡང་། དྭངས་མ་རྒྱུ་བའི་རྩ་མིག་ཏུ་མཉམ་པོར་ཤོར་བས་མཁྲིས་པ་མདངས་བསྒྱུར་གྱིས་ཟུངས་དང་ཁྲག་མ་སྨིན་ཏེ། ཡུན་རིང་པོར་མཆིན་པར་གནས་པའི་ནད་དེ་ལ་དྭངས་མ་མ་ཞུ་བའི་ནད་ཅེས་ཟེར། ནད་དེ་རྙིང་པར་གྱུར་པའི་ཚེ་འདྲིལ་བ་དང་། ཟགས་པ། བྱེར་བ། འགྱིངས་པ་སྟེ་རིགས་བཞིར་འགྱུར་སྟེ། ༡ འདྲིལ་བ་ནི། སྐྲན་གྱི་རིགས་རྣམས་སྐྱེད་ནས་འདྲིལ་བའི་གཅོང་གི་སྡེ་ཞེས་ཟེར། ༢ ཟགས་པ་ནི། སྐྱ་རྦབ་དང་དམུ་ཆུ་རྣམས་སྐྱེད་པས་ཟགས་པའི་གཅོང་གི་སྡེ། ༣ བྱེར་བ་ནི། གྲུམ་བུ། མཁྲིས་པ་མིག་སེར། རྩ་སྐྲན། རྐང་འབམ་ལ་སོགས་པའི་གཅོང་ནད་ཀྱི་རིགས་དུ་མ་སྐྱེད་དོ། །འདི་ལ་བྱེར་བའི་གཅོང་གི་སྡེ་ཞེས་ཟེར། ༤ འགྱིངས་པ་ནི། སྨུག་པོ་རྒྱས་པ་དང་གབ་པ། མཆེར་བའི་བྱེད་ལས་ཉམས་པའི་ནད་རྣམས་སྐྱེད་པས་འགྱིངས་པའི་གཅོང་གི་སྡེ་ཞེས་ཟེར།
- language:
- Tibetan