- ma zhu ba spyi'i rgyu ni
- ID:
- T239156
- མ་ཞུ་བ་སྤྱིའི་རྒྱུ་ནི (Tibetan, Tibetan script, Original)
- > ma zhu ba spyi'i rgyu ni (Tibetan, Latin script, Transliteration-THL Extended Wylie Transliteration)
- > mashyuwa chi gyu ni (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ལུས་ལ་རང་བཞིན་དུ་ས་ཆུའི་རང་བཞིན་ཅན་གྱི་བད་ཀན་གྱི་ཁམས་ལྕི་ཞིང་བསིལ་བ་དེ་ཉིད་འཕེལ་བ་ལ། རྐྱེན་བད་ཀན་གྱི་སྐབས་སུ་བཤད་པའི་རྟེན་དང་། མ་གོམས་དང་། མི་འཕྲོད་དང་། ངོ་བོ་མི་འཇུ་བ་སྟེ་རྣམ་པ་བཞི་ཡིས། ནད་དུ་གྱུར་པའི་ཚུལ་ལ་རྒྱུ་རྐྱེན་དེ་གཉིས་ལ་བརྟེན་ནས་བད་ཀན་རླུང་གསུམ་གྱི་ཁ་ཟས་འཇུ་བར་བྱེད་པའི་མཐུ་ཉམས་ཏེ། དང་པོ་བད་ཀན་མྱག་བྱེད་ཀྱིས་མྱག་མ་ནུས། བར་དུ་མཁྲིས་པ་འཇུ་བྱེད་ཀྱི་བཞུ་མ་ནུས། ཐ་མ་མེ་མཉམ་རླུང་གིས་དྭངས་སྙིགས་ཕྱེ་མ་ནུས། དེ་ལྟར་མེ་དྲོད་གསུམ་པོའི་མཐུ་དང་བྱེད་ལས་ཉམས་པ་ལ་མ་ཞུ་བའི་ནད་ཅེས་ཟེར། མ་ཞུ་བའི་དབང་གིས་ཕོ་བའི་ནང་གི་བེ་སྣབས་རྣམས་འཕེལ་སྟེ། དེས་ལུས་ཀྱི་རླུང་རྒྱུ་བའི་རྩ་སྦུབས་རྣམས་བཀག་པས། ལྷེན་དང་། ལྕགས་དྲེག་དང་། མེ་དྲོད་ཉམས་པ་ལ་སོགས་པའི་གཅོང་མ་ལུས་པ་ཐམས་ཅད་སྐྱེད་པར་བྱེད་ཅིང་ཡོད་པ་རེད།
- language:
- Tibetan