- ma gzhi'i kha dog
- ID:
- T239163
- མ་གཞིའི་ཁ་དོག (Tibetan, Tibetan script, Original)
- > ma gzhi'i kha dog (Tibetan, Latin script, Transliteration-THL Extended Wylie Transliteration)
- > ma shyi khadok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དངོས་པོ་གང་ཡང་རུང་བའི་མ་གཞིའི་ཁ་དོག་དེར་ཟེར། འོད་འཕྲོ་བའི་འོག་གི་དངོས་པོ་སྣ་ཚོགས་ལ་ལྡོག་འོད་ཀྱི་ངོ་བོ་ལྡན་ཡོད་པས། ལྡོག་འོད་ཇི་ཙམ་ཆུང་བའི་དངོས་པོར་མ་གཞིའི་ཁ་དོག་དེ་ཙམ་གྱིས་ཤུགས་ཆེ་བ་ཡོད། དཔེར་ན། སྤུ་ལྡན་གྱི་རྒྱུ་ཆ་དང་། རས་སྣ་ཚོགས། མགོ་སྐྲ་སོགས་ནི་ལྡོག་འོད་འཕྲོ་ཤུགས་ཆུང་བའི་དངོས་པོའི་རིགས་ཡིན། ལྡོག་འོད་ཇི་ཙམ་ཆེ་བའི་དངོས་པོར་མ་གཞིའི་ཁ་དོག་དེ་ཙམ་གྱིས་ཤུགས་ཆུང་བ་ཡོད། དཔེར་ན། ཤེལ་རིགས་དང་། ལྕགས་རིགས། གྱང་ལྡེབས་དཀར་པོ་སོགས་ནི་ལྡོག་འོད་འཕྲོ་ཤུགས་ཆེ་བའི་དངོས་པོའི་རིགས་ཡིན། ཐོག་མའི་རི་མོ་སྦྱོང་མཁན་གྱི་བློ་གསར་བ་ཚོར་རྟག་ཏུ་མ་གཞིའི་ཁ་དོག་གི་དོན་སྤྱི་ཤུགས་ཆེན་ཡོད་པར་བརྟེན་བྲི་བྱའི་དངོས་པོ་དེའི་གཏན་འཁེལ་བའི་འོད་ཀྱི་འབྱུང་ཁུངས་དང་། ཕྱི་རོལ་ཡུལ་གྱི་ཤུགས་རྐྱེན་འོག་བྱུང་བའི་འགྱུར་ལྡོག་ལ་སྣང་ཆུང་བྱེད་ཀྱི་ཡོད་པས་དེར་དོ་སྣང་བྱེད་དགོས། དེ་ནི་ནུབ་ཕྱོགས་རི་མོའི་གཞུང་ལུགས་ལ་བལྟོས་ནས་བཤད་པ་ཞིག་ཡིན།
- language:
- Tibetan