- many+dzur
- ID:
- T239252
- མཉྫུར (Tibetan, Tibetan script, Original)
- > many+dzur (Tibetan, Latin script, Transliteration-THL Extended Wylie Transliteration)
- > manydzur(?) (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འདི་རང་ལྗོངས་ཀྱི་ཡུལ་གང་ནས་ཀྱང་ཐར་ཐོར་འབྱུང་ཞིང་། ཁྱད་པར་སྟེང་ཆེན་དང་ནག་ཆུ། རྫ་སྟོད། ལྷ་ཐོག་སོགས་ནས་ཐོན་པ་མང་ཞིང་། གདོད་མའི་དུས་སུ་རྒྱ་མཚོར་གནས་པའི་ལྟོ་འགྲོས་རིགས་ཀྱི་སྲོག་ཆགས་ཀྱི་འགྱུར་རྡོ་སྟེ། རྡོ་རྒྱུ་ཕལ་ཆེར་གཡའ་མ་ནག་པོ་འདྲ་ལ་ཅུང་མཁྲེགས་ཤིང་ལྕི་བ། ཆེ་ཆུང་ངེས་མེད། དབྱིབས་ཕལ་ཆེར་ཟླུམ་ལེབ། དཀྱིལ་མཐུག་ཅིང་མཐའ་སྲབ་པ། ཕྱི་ངོས་འཇམ་རྩུབ་ཅི་རིགས་འབྱུང་ཞིང་། ནང་ངོས་འཇམ་ལ་ཟེར་འཕྲོའི་དབྱིབས་ཀྱི་སུལ་རིས་དུང་འཁྱིལ་གྱི་དབྱིབས་ལྟར་ཕྱི་ནང་རིམ་པར་འཁོར་ནས་གྲུབ་པ། སྲ་ཚད་3.5~4.5ཙམ་ཟིན་པ་དང་། བསྡུར་ལྗིད་ཁེ་3.4ཡོད་པ། རོ་མངར། ཞུ་རྗེས་བསིལ། ནུས་པས་རུས་པའི་ཚད་པ་སེལ།
- language:
- Tibetan