- maN+Dal dgon pa
- ID:
- T239254
- མཎྜལ་དགོན་པ (Tibetan, Tibetan script, Original)
- > maN+Dal dgon pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > mandal gönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རབ་བྱུང་བཅུ་བཞི་པའི་ས་ལུག་སྤྱི་ལོ་ (༡༨༥༩) ལོར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ས་གཟིགས་གནང་ཞིང་དགོན་པའི་རྨང་བཏིང་། གྲུབ་མཐའ་ས་སྐྱ་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཁོངས་སུ་ཡོད། ད་ལྟ་རྡོ་མང་སྟེང་གི་རྫོང་ཆེན་མགོ་ཞེས་པའི་དེའུ་ཆུང་ཐོག་ཡོད་པའི་གྱང་རལ་དེ་གནའ་དུས་བོན་དགོན་ཞིག་ཡིན་ཡང་ཕྱིས་སུ་རིམ་བཞིན་ས་སྐྱ་པའི་གྲུབ་མཐར་ཞུགས། དེ་ནས་དགོན་པ་དེ་མེས་ཚིགས་རྗེས་དགོན་ས་མཎྜལ་དགོན་དུ་སྤོས་པ་ཡིན་པའི་བཤད་སྲོལ་འདུག
- language:
- Tibetan