- man ngag yig 'bru gnyis
- ID:
- T239262
- མན་ངག་ཡིག་འབྲུ་གཉིས (Tibetan, Tibetan script, Original)
- > man ngag yig 'bru gnyis (Tibetan, Latin script, Transliteration-THL Extended Wylie Transliteration)
- > mengak yikdru nyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རི་མོ་འབྲི་སྐབས་སུ་ངེས་པར་དུ་དོ་སྣང་བྱེད་དགོས་པའི་ཡིག་འབྲུ་གཉིས་ལ་ཟེར། དེ་ནི་"གསོན"དང་"འཁྱུག"གཉིས་ཡིན། གསོན་འཁྱུག་ཅེས་པ་ནི་རི་མོ་འབྲི་སྐབས་པིར་སྤྱོད་བདེ་ལ་འཁྱུག་པའི་སྒོ་ནས་གསོན་ཉམས་དོད་པོ་ཡོང་རྒྱུར་དོ་སྣང་བྱས་ཏེ། བལྟས་པ་ཙམ་གྱིས་ཤོག་ངོས་ཀྱི་རི་མོ་དེ་མངོན་སུམ་ཡིན་པ་ལྟ་བུ་དགོས། དཔེར་ན་མེ་ཏོག་བྲིས་ན་མེ་ཏོག་དངོས་ལྟར་དང་། བྱ་རིགས་བྲིས་ན་སྐད་སྒྲ་ཐོན་ཐུབ་པ་ལྟ་བུའི་གསོན་ཉམས་དང་འཁྱུག་བགྲོད་ལྡན་དགོས།
- language:
- Tibetan