- mi 'gyur dgon
- ID:
- T239322
- མི་འགྱུར་དགོན (Tibetan, Tibetan script, Original)
- > mi 'gyur dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > mingyur gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མིང་གཞན་མི་ཉག་དགོན་བཀྲ་ཤིས་ཆོས་འཕེལ་གླིང་ཞེས་ཟེར། མི་ཉག་བློ་གྲོས་དར་རྒྱས་ཀྱིས་དགོན་པ་བཏབ། ཁོང་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་སྤྱི་ལོ་ (༡༦༧༥) ལོར་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་བྱ་སྤྱི་ལོ་ (༡༧༥༣) ལོར་སྐུ་གཤེགས། དེས་ན་དགོན་པ་འདི་རབ་བྱུང་བཅུ་གཉིས་པའི་མཇུག་ཙམ་ན་བཏབ་ཡོད་པར་ངེས། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཁོངས་སུ་ཡོད།
- language:
- Tibetan