- mi nyag tsa mi
- ID:
- T239347
- མི་ཉག་ཙ་མི (Tibetan, Tibetan script, Original)
- > mi nyag tsa mi (Tibetan, Latin script, Transliteration-THL Extended Wylie Transliteration)
- > mi nyak tsa mi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མདོ་ཁམས་མི་ཉག་གི་ཡུལ་གྱི་ནང་ཚན་ཙ་མི། ཡུལ་དེ་ནས་བོད་སིལ་བུའི་སྐབས་ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པ་བྱོན་པ་ཡིན་པར་ཁོང་གི་རྣམ་ཐར་ནང་གསལ། འོན་ཀྱང་དེང་སྐབས་རྒྱ་ཡིག་གིལོ་རྒྱུད་ནང་མི་ཉག་གི་ཤིས་ཞཱ་རྒྱལ་རབས་སུ་འབོད་པ་དེ་ཡིན་པ་དང་དེ་ནི་བོད་རིགས་མིན་པའི་མི་རིགས་གཞན་ཞིག་ཡིན་པར་བཤད། ཇིང་གེར་ཧན་གྱི་ལོ་རྒྱུས་ཁག་གི་ནང་ཚེ་མཇུག་ཏུ་བོད་མི་ཉག་གི་ཡུལ་དབང་དུ་བསྡུས་པར་བཤད་པ་ལྟར་ན། མི་ཉག་ནི་བོད་རིགས་རང་ཡིན་པ་ལྟ་བུར་སྣང་བས་མཁས་པ་ཚོས་ཞིབ་དཔྱད་མཛད་པར་ཞུ། །
- language:
- Tibetan
2. Thupten Phuntsok Dictionary
མདོ་ཁམས་མི་ཉག་གི་ཡུལ་གྱི་ནང་ཚན་ཙ་མི། ཡུལ་དེ་ནས་བོད་སིལ་བུའི་སྐབས་ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པ་བྱོན་པ་ཡིན་པར་ཁོང་གི་རྣམ་ཐར་ནང་གསལ། འོན་ཀྱང་དེང་སྐབས་རྒྱ་ཡིག་གི་ལོ་རྒྱུས་ནང་མི་ཉག་གི་ཤིས་ཞཱ་རྒྱལ་རབས་སུ་འབོད་པ་དེ་ཡིན་པ་དང་དེ་ནི་བོད་རིགས་མིན་པའི་མི་རིགས་གཞན་ཞིག་ཡིན་པར་བཤད།
- language:
- Tibetan