- mi sna gtso bo
- ID:
- T239375
- མི་སྣ་གཙོ་བོ (Tibetan, Tibetan script, Original)
- > mi sna gtso bo (Tibetan, Latin script, Transliteration-THL Extended Wylie Transliteration)
- > mi na tsowo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྩོམ་རིག་སྒྱུ་རྩལ་གྱི་བརྩམ་བྱའི་ནང་གི་ལྟེ་བའི་མི་སྣ་དེར་ཟེར། རྩོམ་པ་པོ་དང་སྒྱུ་རྩལ་པ་ཚོས་མི་སྣ་གཙོ་བོའི་གཟུགས་བརྙན་སྐྲུན་སྐབས་སུ་སྣག་པིར་གྱི་འགྲོ་སོང་ལ་མ་འཛེམས་པར་མི་སྣ་གཙོ་བོའི་གཤིས་ཀ་དང་། བསམ་བློ། འགུལ་སྐྱོད། གྱོན་ཆས། བྱ་སྤྱོད་སོགས་ཞིབ་ཆ་འབྲི་བ་དང་། ལྷག་པར་དུ་གཤིས་ཀའི་ཁྱད་རྟགས་གསལ་པོར་འགོད་པ་དང་འཚོ་བའི་ཉམས་འགྱུར་གསལ་པོར་མཚོན་པར་བྱས་ཏེ་སྤྱི་ཚོགས་ཀྱི་དཔེ་སྟོན་དོན་སྙིང་ལྡན་དགོས་པ་བཅས་སོ། ། སྒྱུ་རྩལ་གྱི་བརྩམ་བྱའི་ནང་མི་སྣ་གཙོ་བོ་མི་གཅིག་བྱས་ཀྱང་རུང་བ་སྟེ་དཔེར་ན་སྤྱི་ལོའི་དུས་རབས་བཅོ་ལྔ་པ་ནས་བཅུ་དྲུག་པའི་བར་གྱི་དབྱི་ཐཱ་ལིའི་རི་མོ་མཁས་ཅན་རྡ་ཧྥེན་ཆིའི་བརྩམ་བྱ་མཐའ་མཇུག་གི་དགོང་ཟས་ཞེས་པའི་ནང་གི་ཡེ་ཤུ་ལྟ་བུ་དང་ཡང་ན་མི་སྣ་གཙོ་བོ་མང་པོ་མཉམ་འཛོམས་བྱས་ཀྱང་རུང་བ་སྟེ། དཔེར་ན། སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་གི་ཧྥ་རན་སིའི་འབུར་བརྙན་མཁས་ཅན་ལཱོ་ཏན་གྱི་བརྩམ་བྱ་་ལའི་བདེན་དམངས་ནང་གི་དཔའ་བོའི་ཁྱུ་ཚོགས་ཀྱི་སྣང་བརྙན་ལྟ་བུའོ། །
- language:
- Tibetan