- mi mgo'i 'dra ris mgyogs bris
- ID:
- T239391
- མི་མགོའི་འདྲ་རིས་མགྱོགས་བྲིས (Tibetan, Tibetan script, Original)
- > mi mgo'i 'dra ris mgyogs bris (Tibetan, Latin script, Transliteration-THL Extended Wylie Transliteration)
- > migö dra ri gyok dri (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མིའི་འདྲ་རིས་ནང་གདོང་ནི་བསམ་བློའི་བརྩེ་དུང་མཚོན་མཁན་གྱི་གལ་ཆེའི་ཆ་ཤས་ཤིག་ཡིན། མི་མགོའི་འདྲ་རིས་མགྱོགས་བྲིས་བྱེད་པར་སྟབས་བདེའི་འབྲི་ཐབས་སྤྱད་ནས་འབྲི་དགོས་པ་དང་། དེ་ལ་དེ་འཚམ་གྱི་སྒོ་ནས་བྲི་བྱའི་ཕྱི་དབྱིབས་ཀྱི་ཁྱད་རྟགས་དང་། བསམ་པའི་ཁྱད་རྟགས་འཛིན་ཐུབ་པ་བྱས་ཏེ་གཟུགས་དང་བསམ་པ་གཉིས་ལྡན་གྱི་ཁྱད་ཆོས་མངོན་པ་བྱེད་དགོས། དེར་བརྟེན་གཟུགས་དབྱིབས་འདྲ་པོ་འབྲི་བའི་རྨང་གཞིའི་ཐོག་བསམ་པའི་ཁྱད་རྟགས་འགོད་དགོས་གཟུགས་དང་བསམ་པ་གཅིག་གྱུར་བྱུང་ན། གཞི་ནས་མི་སྣའི་འདྲ་རིས་ལ་ཚེ་སྲོག་ལྡན་པ་ལྟ་བུ་ཡོང་ཐུབ།
- language:
- Tibetan