- mi tshul ring lugs
- ID:
- T239398
- མི་ཚུལ་རིང་ལུགས (Tibetan, Tibetan script, Original)
- > mi tshul ring lugs (Tibetan, Latin script, Transliteration-THL Extended Wylie Transliteration)
- > mi tsul ringluk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྤྱི་ལོའི་དུས་རབས་བཅུ་བཞི་པ་ནས་བཅུ་དྲུག་པའི་བར་གྱི་ཨི་ཐཱ་ལིའི་རིག་གནས་བསྐྱར་དར་དུས་སྐབས་ཀྱི་བསམ་པའི་རླབས་རྒྱུན་གཙོ་བོ་ཞིག་ཡིན། རྗེས་སུ་ཡོ་རོབ་ཧྲིལ་པོར་རྒྱ་ཁྱབ་ཏུ་སོང་། མི་ཚུལ་རིང་ལུགས་ཀྱི་ནང་དོན་ནི་གནའ་དཀྱིལ་དུས་རབས་ཀྱི་བཀས་བཀོད་རྒྱུད་འཛིན་གྱི་ལྷ་དབང་གི་གཉའ་གནོན་དང་། ཆོས་ཀྱི་སྙིང་པོ། དེ་བཞིན་གསུང་རབ་གླིང་གི་མཚན་ཉིད་ཀྱི་བསྡམ་བཀྱིག་ལ་ངོ་རྒོལ་བྱས་ཏེ་ཕུགས་བསམ་ལྡན་པའི་སྤྱི་ཚོགས་ཀྱི་ལམ་ལུགས་ཤིག་འཛུགས་རྒྱུའི་འབད་བརྩོན་བྱེད་པ། མི་དང་རང་བྱུང་ཁམས་མཚོན་པའི་འཇིག་རྟེན་པའི་རིག་གནས་ལ་ཞིབ་འཇུག་བྱེད་རྒྱུར་འབོད་སྐུལ་བྱེད་པ། བསམ་བློར་རང་དབང་དང་རང་གཤིས་ལ་བཅིངས་འགྲོལ་འཐོབ་རྒྱུའི་འདོད་ཚུལ་འཛིན་པ། མི་ནི་འཇིག་རྟེན་གྱི་ལྟེ་བ་ཡིན་པའི་ཁས་ལེན་བྱེད་ཀྱི་ཡོད།
- language:
- Tibetan