- mi gzhi rtsar 'dzin pa
- ID:
- T239404
- མི་གཞི་རྩར་འཛིན་པ (Tibetan, Tibetan script, Original)
- > mi gzhi rtsar 'dzin pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > mi shyi tsar dzinpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མི་དེ་འཛམ་གླིང་གི་གཞི་རྩར་བརྩི་བར་ཟེར། དེའི་ནང་དུ་མི་ལ་བརྩི་བཀུར་དང་བསམ་ཤེས། ཞབས་འདེགས་ཞུ་བ་དེ་བཞིན་མིའི་ཐོབ་ཐང་ཐོབ་པ་དང་བཅིངས་འགྲོལ་གཏོང་རྒྱུ་མཐའ་མའི་དམིགས་ཡུལ་འཛིན་པ་ལ་སོགས་པའི་ནང་དོན་ཚུད་ཡོད། བསམ་བློ་དེ་ནི་ཡོ་རོབ་ཀྱི་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་མི་གཙོ་རིང་ལུགས་སྟེ་མི་ཆོས་རིང་ལུགས་ལས་བྱུང་ནས་དར་བ་རེད།
- language:
- Tibetan