- mi la ti a h+pho lo ci the
- ID:
- T239430
- མི་ལ་ཏི་ཨ་ཧྥོ་ལོ་ཅི་ཐེ (Tibetan, Tibetan script, Original)
- > mi la ti a h+pho lo ci the (Tibetan, Latin script, Transliteration-THL Extended Wylie Transliteration)
- > mi la ti a hpo(?) lo chi té (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཞི་ལའི་ལག་པ་ཆད་པའི་མཛེས་ལྡན་ལྷ་མོ་ཝེ་ནཱ་སིའི་སྣང་བརྙན་ལ་ཟེར། རྡོ་ཀ་མ་རུ་པ་ལས་གྲུབ་པའི་ཝེ་ནཱ་སིའི་སྣང་བརྙན་དེ་ནི་སྤྱི་ལོ་ (༡༨༢༠) ལོར་ཞི་ལའི་མི་ལོ་གླིང་ཕྲན་གྱི་བྲག་ཕུག་ཅིག་གི་ནང་ནས་ཞིང་པ་ཞིག་གིས་རྙེད་སོན་བྱུང་། བརྩམ་བྱ་དེ་ནི་བུད་མེད་ལངས་ནས་བསྡད་པའི་གཟུགས་བརྙན་ཞིག་ཡིན་ཞིང་། དེར་མཐོ་ཚད་སྤྱི་ཁྲི་གཉིས་ཡོད། ལུས་ཕྱེད་ཤ་གཟུགས་དང་། ལུས་སྨད་དུ་གོས་གྱོན་ཡོད་པ། ལུས་ཀྱི་ཤ་གནད་རྣམས་མཁྲེགས་ཤིང་ཟླུམ་ལ་རློན་པའི་ཉམས་དང་ལྡན་པ། གཟུགས་བྱད་རྣམ་འགྱུར་སོགས་གང་ཅིར་ཧ་ཅང་མཛེས་ཉམས་ལྡན་པ་ཞིག་ཡོད།
- language:
- Tibetan