Skip to main content Skip to search
mig nad bar 'gribs
ID:
T239509
  • མིག་ནད་བར་འགྲིབས (Tibetan, Tibetan script, Original)
    • > mig nad bar 'gribs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mik newar drib (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མིག་ཤུན་དང་། མིག་འབྲས་བར་དུ་འགྲིབས་བྱེད་བེ་སྣབས་ཤོར་ནས་རྒྱལ་མོ་འགྲིབས་པར་འགྱུར་བའི་མིག་ནད་ཀྱི་མིང་སྟེ། མི་ཏྲ་ཇོ་ཀིས་མཛད་པའི་མིག་འབྱེད་ཀྱི་གདམས་པ་ལས། ཕྱི་འགྲིབས་ནི། མིག་གི་རྒྱལ་མོའི་སྟེང་དུ་ཤ་ལྷག་དང་། ཤ་འཛེར། རྩ་དྲ། སྔོ་རིབ། ལིང་རོ་སོགས་ཀྱིས་ཁེབས་ནས་འགྲིབས་པའི་མིག་ནད་དོ། །ནང་འགྲིབས་ནི། མིག་གི་འབྲས་བུའི་ཆུ་འཁྲུགས་པ་དང་། མཐོང་བྱེད་རྩ་མདངས་ཉམས་ནས་འགྲིབས་པར་འགྱུར་བའི་མིག་ནད་དོ། ། བར་འགྲིབས་ནི། མིག་གི་ཤུན་པ་དང་མིག་འབྲས་བར་ནས་རྒྱལ་མོའི་སྟེང་དུ་འགྲིབས་བྱེད་བེ་སྣབས་དཀར་པོ་ཤོར་ཏེ་འགྲིབས་པར་འགྱུར་བའི་མིག་ནད་དོ། །ཞེས་སོ། །

language:
Tibetan