Skip to main content Skip to search
mig nad rab rib nad kyi dbye ba
ID:
T239511
  • མིག་ནད་རབ་རིབ་ནད་ཀྱི་དབྱེ་བ (Tibetan, Tibetan script, Original)
    • > mig nad rab rib nad kyi dbye ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mik né rabrib né kyi yewa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

(1)དང་པོར་ཞུགས་ཚེ། རབ་རིབ་ནད་དེ་མིག་ཆུའི་ནང་དུ་རིམ་བཞིན་འཇུག་པ་སྟེ། དང་པོར་རེས་འགའ་གསལ་ལ་རེས་འགའ་མི་གསལ་བར་ཡོང་། (2)གཉིས་པར་ཞུགས་ཚེ། ཐག་རིང་གི་གཟུགས་ཆུང་བ་དག་མཐོང་དཀའ་ཞིང་། ཐག་ཉེ་ཞིང་མིག་གཟིར་ནས་བལྟས་ན་ལེགས་པར་མཐོང་བ། གོ་ལོག་པར་སྣང་བ་སྟེ་དངོས་པོ་རྣམས་ཀྱི་དབྱིབས་དང་ཁ་དོག་སོགས་གཞན་དང་གཞན་དུ་སྣང་བ། རབ་རིབ་དེ་ཉིད་མིག་སྟེང་ནས་ཞུགས་ན་མཐོང་བའི་དངོས་པོ་དེ་ཐག་ཉེ་བར་མཐོང་བ་དང་། འོག་ནས་ཞུགས་ན་ཐག་རིང་དུ་མཐོང་བ། གཡས་གཡོན་ནས་ཞུགས་ན་ལོགས་གཉིས་མི་གསལ་བར་ཡོང་། འདིའི་དུས་སུ་རབ་རིབ་ཅེས་བྱ་བ་གསོ་བའི་ཐབས་ལ་འབད་དེ་སྒྲིམས་དགོས། ---1---རླུང་ལས་གྱུར་པ་དུ་བ་དང་། རབ་རིབ། སྐྲ་ཤད། སྦྲང་བུ་ལྟ་བུའི་གཟུགས་མཐོང་བ་དང་། གང་མཐོང་བའི་གཟུགས་ཐམས་ཅད་གཡོ་བ་ལྟ་བུར་མཐོང་ངོ་། ---2---མཁྲིས་པ་ལས་གྱུར་པ་གློག་དང་། མེ་སྒྲོན། རྨ་བྱའི་སྒྲོ་མདངས་ལྟ་བུའི་གཟུགས་མཐོང་། ---3---ཁྲག་ལས་གྱུར་པ་དམར་པོར་སྣང་བ། ---4---བད་ཀན་ལས་གྱུར་པ་ཀུན་འཐིབས་པ་ལྟ་བུར་སྣང་ངོ་། །(3)གསུམ་པར་ཞུགས་ཚེ། སྒྲིབ་བྱེད་ཀྱིང་མས་ཡར་སྒྲིབ་པས་སྟེང་ཕྱོགས་མཐོང་ལ་འོག་ཕྱོགས་མི་མཐོང་བ་དང་། རས་ཀྱིས་མིག་བཀབ་ལྟར་སྣང་ཞིང་། རླུང་ནད་ལ་སྔོན་པོ་སྣང་བ། དེ་བཞིན་དུ་མཁྲིས་པས་སེར་པོར། ཁྲག་གིས་དམར་པོར། བད་ཀན་གྱིས་དཀར་པོར་སྣང་ངོ་། །དེ་དག་ཀྱང་སྔོན་པོ་ཞེས་བྱའི་རིམ་པ་བཞིར་ཕྱིན་ནས། མཐར་མིག་གི་རྒྱལ་མོ་ཁེབས་ཏེ་ལོང་བར་འགྱུར་རོ། །

language:
Tibetan