- mig nad ling thog gi dbye ba
- ID:
- T239514
- མིག་ནད་ལིང་ཐོག་གི་དབྱེ་བ (Tibetan, Tibetan script, Original)
- > mig nad ling thog gi dbye ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > mik né ling tok gi yewa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
༡ རླུང་གྱུར། མིག་འབྲས་དཀར་ནག་གི་སྟེང་དུ་ལིང་ཐོག་སྔོ་ལ་སྲབ་པ་ཅན་འབྱུང་། ༢ མཁྲིས་གྱུར། མིག་འབྲས་དཀར་ནག་གི་ཐོག་ཏུ་ཐིག་ལེ་སེར་པོར་ཡོང་བ། ༣ ཁྲག་གྱུར། མིག་འབྲས་དཀར་ནག་གི་ཐོག་ཏུ་མཚོན་གྱིས་གཙེས་པའི་རྗེས་ལྟ་བུ་དམར་པོར་ཡོང་། ༤ བད་གྱུར། མིག་འབྲས་ཐོག་ཏུ་མཐུག་ཅིང་སྐྱ་བས་གཡོག་པར་འབྱུང་། ལིང་ཐོག་གི་ནད་ཀུན་ལ་ཟུག་ཆེ་ཞིང་རྩུབ་པ་དང་། མཆི་མ་འབྱུང་ལ། ལིང་ཐོག་མཐོང་བྱེད་ཀྱི་སྟེང་དུ་བྱུང་ན་ཟངས་ཀྱི་གཟེར་བཏབ་པ་དང་འདྲ་བས་གསོ་དཀའ་བའོ། །
- language:
- Tibetan