Skip to main content Skip to search
mig dbang gzugs can pa
ID:
T239519
  • མིག་དབང་གཟུགས་ཅན་པ (Tibetan, Tibetan script, Original)
    • > mig dbang gzugs can pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mikwang zukchen pa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གཟུགས་ལ་ཕྱིའི་གཟུགས་དང་ནང་གི་གཟུགས་གཉིས་སུ་དབྱེ་བའི་ནང་གི་གཟུགས་ལྔའི་ཡ་གྱལ་ཞིག་སྟེ། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་ཆ་ནས་བཞག་པའི་ནང་གི་གཟུགས་ཅན་དྭངས་པ། དེའི་མཚན་ཉིད། དེ་ནི་དབྱིབས་ཟར་མའི་མེ་ཏོག་ལྟར་ཆགས་པའི་གཟུགས་དྭངས་པ་ཞིག་ཡོད་པ་དེ་ལ་དབྱེ་ན། རྟེན་བཅས་ཀྱི་མིག་དབང་དང་དེ་མཚུངས་ཀྱི་མིག་དབང་གཉིས་སོ། །

language:
Tibetan

2. Thupten Phuntsok Dictionary

གཟུགས་ལ་ཕྱིའི་གཟུགས་དང་ནང་གི་གཟུགས་གཉིས་སུ་དབྱེ་བའི་ནང་གི་གཟུགས་ལྔའི་ཡ་གྱལ་ཞིག་སྟེ། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་པ་དེ་མིག་དབང་གི་མཚན་ཉིད། དེ་ནི་དབྱིབས་ཟར་མའི་མེ་ཏོག་ལྟར་ཆགས་པའི་གཟུགས་དྭངས་པ་ཞིག་ཡོད་པ་དེ་ལ་དབྱེ་ན། རྟེན་བཅས་ཀྱི་མིག་དབང་དང་དེ་མཚུངས་ཀྱི་མིག་དབང་གཉིས་སོ། །

language:
Tibetan