Skip to main content Skip to search
mig sle
ID:
T239529
  • མིག་སླེ (Tibetan, Tibetan script, Original)
    • > mig sle (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mik lé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མིག་ཡོན་པོར་གྱུར་པའི་དོན་ལ་བཞེད་པ་ཞིག་དང་མིག་གདངས་ཟུམ་མེད་པར་གྱུར་པའི་དོན་ལ་བཞེད་པ་ཞིག་དང་གཉིས་མཆིས་ཏེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། མིག་སླེ་བ་སྟེ་གདངས་ཟུམ་མེད་པ་གཟའ་ཕོག་པ་དང་མཚུངས་པའོ། །ཞེས་གསུངས་པ་དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། མིག་སླེ་བ་དང་ཁ་སླེ་བ། ཁ་མིག་ཡོན་པོར་གྱུར་པའི་མིང་། ཞེས་གསུངས་པས་དཔྱད་པར་གྱིས་ཤིག

language:
Tibetan