- ming gzhan gu shrI bstan 'dzin chos rgyal
- ID:
- T239557
- མིང་གཞན་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ (Tibetan, Tibetan script, Original)
- > ming gzhan gu shrI bstan 'dzin chos rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
- > ming shyen gu shri tendzin chögyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྔར་ཨ་མདོ་སོག་རིགས་འཚོ་བ་ཧོ་ཤོད་ཀྱི་འགོ་དཔོན་ཞིག་ཡིན་པ་འདི་ཉིད་རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག་ལོ་དཔུང་ཚོགས་དང་བཅས་པ་བོད་དུ་འབྱོར། ཆུ་རྟ་ལོ་པཎ་ཆེན་སྐུ་ཕྲེང་བཞི་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རྣམ་གཉིས་དང་ལྷན་ཅིག་ཏུ་ད་ལྟའི་གྲོང་ཁྱེར་ཧྲེན་དབྱང་ཞེས་པར་མན་ཇུའི་རྒྱལ་པོ་ཚང་དང་འབྲེལ་ལམ་འདེབས་ཆེད་དུ་སྐུ་ཚབ་བཏང་། ཆུ་ལུག་ལོ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་བཀུར་བཟོས་ཀྱིས་ཆོས་སྲིད་གཉིས་ལྡན་དགའ་ལྡན་ཕོ་བྲང་གསར་དུ་བཙུགས་ཏེ་གོང་མའི་བཀའ་འབྲེལ་བོད་ཀྱི་རྒྱལ་པོ་མཛད། རབ་བྱུང་བཅུ་གཅིག་པའི་ཤིང་རྟ་ལོ་རུ་ལྷ་སར་འདས།
- language:
- Tibetan