Skip to main content Skip to search
mun pa can gyi nga rgyal
ID:
T239603
  • མུན་པ་ཅན་གྱི་ང་རྒྱལ (Tibetan, Tibetan script, Original)
    • > mun pa can gyi nga rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > münpachen gyi ngagyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་ནི་ང་རྒྱལ་གསུམ་དུ་ཕྱེ་བའི་གཞན་གཉིས་ཀའི་འཇུག་བྱེད་ད། །དེ་ཡང་དཔེར་ན། བྲམ་ཟེ་ཁྱོ་ཀ་གཅིག་ལ་ཆུང་མ་བྲམ་ཟེ་མོ་ཞིག་དང་དམངས་རིགས་མོ་ཞིག་སྟེ་གཉིས་ཡོད་ལ། བྲམ་ཟེ་མོ་ལ་བུ་བཅུ་གཅིག་བཙས་ཤིང་། དམངས་མོ་ལས་བུ་ལྔ་བཙས་པ་ལྟ་བུ་སྟེ། དེ་ལས་བྲམ་ཟེ་མོ་ནི་སྙིང་སྟོབས་ཅན་གྱི་ང་རྒྱལ་དང་། བུ་བཅུ་གཅིག་ནི་དབང་པོ་བཅུ་གཅིག་ལྟ་བུ་དང་། དམངས་མོ་ནི་རྣམ་པར་འགྱུར་བ་ཅན་གྱི་ང་རྒྱལ་དང་། བུ་ལྔ་ནི་དེ་ཙམ་ལྟ་བུའོ། བྲམ་ཟེ་ནི་མུན་པ་ཅན་གྱི་ང་རྒྱལ་དང་། ཆུང་མ་དེ་གཉིས་ཀྱི་བརྟེན་སའམ་འཇུག་ས་ལྟ་བུ་ཡིན་ཟེར།

language:
Tibetan

2. Thupten Phuntsok Dictionary

འདི་ནི་ང་རྒྱལ་ལ་གསུམ་ཕྱེ་བའི་གཞན་གཉིས་ཀའི་འཇུག་བྱེད་དོ། ། དེ་ཡང་དཔེར་ན། བྲམ་ཟེ་ཁྱོ་ཀ་གཅིག་ལ་ཆུང་མ་བྲམ་ཟེ་མོ་ཞིག་དང་དམངས་མོ་ཞིག་སྟེ་གཉིས་ཡོད་ལ། བྲམ་ཟེ་མོ་ལས་བུ་བཅུ་གཅིག་བཙས་ཤིང་། དམངས་མོ་ལས་བུ་ལྔ་བཙས་པ་ལྟ་བུ་སྟེ། དེ་ལས་བྲམ་ཟེ་མོ་ནི་སྙིང་སྟོབས་ཅན་གྱི་ང་རྒྱལ་དང་། བུ་བཅུ་གཅིག་ནི་དབང་པོ་བཅུ་གཅིག་ལྟ་བུ་དང་། དམངས་མོ་ནི་རྣམ་པར་འགྱུར་བ་ཅན་གྱི་ང་རྒྱལ་དང་། བུ་ལྔ་ནི་དེ་ཙམ་ནི་རྣམ་པར་འགྱུར་བ་ཅན་གྱི་ང་རྒྱལ་དང་། བུ་ལྔ་ནི་དེ་ཙམ་ལྔ་ལྟ་བུའོ། །བྲམ་ཟེ་ནི་མུན་པ་ཅན་གྱི་ང་རྒྱལ་དང་། ཆུང་མ་དེ་གཉིས་ཀྱི་བརྟེན་སའམ་འཇུག་ས་ལྟ་བུ་ཡིན་ཟེར།

language:
Tibetan