Skip to main content Skip to search
mus chen sangs rgyas rin chen
ID:
T239609
  • མུས་ཆེན་སངས་རྒྱས་རིན་ཆེན (Tibetan, Tibetan script, Original)
    • > mus chen sangs rgyas rin chen (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mü chen sangye rinchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་བརྒྱད་པ་ཡིན། བོད་རབ་བྱུང་བརྒྱད་པའི་ཆུ་བྱ་སྤྱི་ལོ་ (༡༤༥༣) ལོར་སྟག་མོ་གླིང་སྐྱར་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་གྱི་སྐུ་དབོན་གྱི་སྲས་སུ་སྐུ་བལྟམས། དགུང་ལོ་བཅུ་གཅིག་པར་སེམས་དཔའ་ཆེན་པོ་ལས་རབ་ཏུ་བྱུང་། དགུང་ལོ་ཉེར་བརྒྱད་པར་གྲུབ་ཆེན་དཀོན་མཆོག་བློ་གྲོས་པ་ལས་བསྙེན་པར་རྫོགས། མདོ་རྒྱུད་རྒྱ་མཚོའི་ཕ་རོལ་དུ་སོན་ཏེ་མཁས་བཙུན་བཟང་པོའི་ཡོན་ཏན་དཔག་ཏུ་མེད་པ་བརྙེས། དགུང་ལོ་རེ་གཅིག་པ་སྟེ་བོད་རབ་བྱུང་དགུ་པའི་ཆུ་བྱ་སྤྱི་ལོ་ (༡༥༡༣) ལོར་ཨེ་ཝཾ་པའི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་སྟེང་དུ་འཁོད་དེ་སྔ་ཕྱིར་ལམ་འབྲས་ཚར་ལྔ་བཅུ་ང་གཅིག་ཙམ་གྱི་སྒོ་ནས་གདུལ་བྱའི་ཕྲིན་ལས་བསྐྱངས། རབ་བྱུང་དགུ་པའི་ཤིང་སྤྲེལ་ལོ་སྟེ་སྤྱི་ལོ་ (༡༥༢༤) དགུང་ལོ་བདུན་ཅུ་དོན་གཉིས་སྟེང་སྐུ་གཤེགས།

language:
Tibetan