Skip to main content Skip to search
me da'i chi ja'i sang
ID:
T239630
  • མེ་དའི་ཆི་ཇའི་སང (Tibetan, Tibetan script, Original)
    • > me da'i chi ja'i sang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mé dé chi jé sang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མེ་དའི་ཆི་ཞེས་པ་སོག་པོའི་སྐད་ཀྱི་སྒྲ་བསྒྱུར་ཡིན་ཅིང་། མེ་དའི་ཞེས་ཤེས་པའི་དོན་དང་། ཆི་ནི་མཁན་ཞེས་པའི་དོན་ཏེ། ཤེས་མཁན་ཞེས་པའི་དོན་ཡིན། ཇའི་སང་ནི་ཞེས་པ་སོག་པོ་ཇུན་གར་གྱི་དམག་དཔོན་ཞིག་གི་གོ་ས་ཡིན་ཞིང་། རྒྱ་སྐད་ནང་ཛའི་ཤང་()བློན་ཆེན་ཞེས་པའི་ཟུར་ཆགས་ཕྱིས་སུ་མ་དག་རྒྱུན་ཆགས་ནས་ཕྱིན་ནས་ཇའི་སང་ཞེས་པ་དོན་དུ་དོ་དམ་བྱེད་མཁན་ཞེས་པའི་དོན་ལ་གོ་བ་ལེན་གྱི་ཡོད། རྒྱ་སྐད་དུ་ཀྲེ་ཧྲི་()ཟེར་བ་མིན་ནམ་སྙམ། །

language:
Tibetan

2. Thupten Phuntsok Dictionary

མེ་དའི་ཆི་ཞེས་པ་སོག་པོའི་སྐད་ཀྱི་སྒྲ་བསྒྱུར་ཡིན་ཞིང་། མེ་དའི་ཞེས་ཤེས་པའི་དོན་དང་། ཆི་ནི་མཁན་ཞེས་དོན་ཏེ། ཤེས་མཁན་ཞེས་དོན་ཡིན། ཇའི་སང་ཞེས་པ་སོག་པོ་ཇུན་གར་གྱི་དམག་དཔོན་ཞིག་གི་གོ་ས་ཡིན་ཞིང་། རྒྱ་སྐད་ནང་ཛའི་ཤང་བློན་ཆེན་ཞེས་པའི་ཟུར་ཆགས་ཕྱིས་སུ་མ་དག་རྒྱུན་ཆགས་སུ་ཕྱིན་ནས་ཇའི་སང་ཞེས་པ་དོན་དུ་དོ་དམ་བྱེད་མཁན་ཞེས་པའི་དོན་ལ་གོ་བ་ལེན་གྱི་ཡོད། རྒྱ་སྐད་དུ་ཀྲེ་ཧྲི་ཟེར་བ་མིན་ནམ་སྙམ།

language:
Tibetan