- me btsa'i gsang dmigs
- ID:
- T239650
- མེ་བཙའི་གསང་དམིགས (Tibetan, Tibetan script, Original)
- > me btsa'i gsang dmigs (Tibetan, Latin script, Transliteration-THL Extended Wylie Transliteration)
- > mé tsé sang mik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ལུས་སྟེང་དུ་མེ་བཙའ་གཞག་སའི་གནས་ཀྱི་མིང་སྟེ། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། མེ་བཙའི་གསང་དམིགས་ནི། མེ་བཙའ་བཞག་སའི་གནས་ཀྱི་མིང་ཡིན་ཞིང་། ནང་གསེས་སུ་དབྱེ་ན་གསུམ་སྟེ། རྒྱབ་ཀྱི་སྒལ་ཚིགས་བདུན་པ་སྙིང་གི་གསང་བྱེད་པ་ལྟ་བུ་ནི་དོན་སྣོད་རང་རང་དང་དངོས་སུ་འབྲེལ་བའི་གསང་དམིགས་ཡིན་པ་དང་། སྒལ་ཚིགས་དང་པོ་ནས་གསུམ་པའི་བར་རིམ་བཞིན་རླུང་མཁྲིས་བད་ཀན་གྱི་གསང་བྱེད་པ་ལྟ་བུ་ནི་རྟེན་འབྲེལ་གྱི་གསང་དམིགས་ཡིན་པ། ནད་པ་རང་ཉིད་ཀྱི་གནས་གང་དུ་ན་བའི་སར་མེ་བཙའ་བཞག་པ་ལྟ་བུ་ནི་ནད་ཀྱིས་བསྟན་པའི་གསང་དམིགས་ཡིན་པ་ལྟ་བུའོ། །
- language:
- Tibetan