Skip to main content Skip to search
memakha' rgya mtsho
ID:
T239671
  • མེམཁའ་རྒྱ་མཚོ (Tibetan, Tibetan script, Original)
    • > memakha' rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > memkha(?) gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདིར་མེ་མཁའ་རྒྱ་མཚོ་ཞེས་པ་ནི་བོད་ཀྱི་དུས་འཁོར་ལུགས་ཀྱི་གྲངས་རྩིས་ཀྱི་ཐ་སྙད་ཅིག་རེད། དེ་ཡང་མེ་ཞེས་པ་གྲངས་གསུམ་དང་། མཁའ་ཞེས་པ་ཐིག རྒྱ་མཚོ་ཞེས་པ་བཞི་ལ་ཟེར། དེ་བསྡོམས་པས་༤༠༣ཡིན། འོ་ན་༤༠༣གྱི་དོན་གང་ཞེ་ན། འདི་ནི་དུས་འཁོར་གྱི་གཞུང་བོད་དུ་དར་བ་དང་འབྲེལ་བའི་ལོ་རྒྱུས་མཚོན་བྱེད་ཀྱི་ལོ་གྲངས་ཞིག་ཡིན། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་རྩིས་འགྲེལ། རིན་ཆེན་གཏེར་མཛོད་》སོགས་མཚུར་ལུགས་པ་རྣམས་ཀྱིས་འགྲེལ་སྲོལ་ལྟར་ན། སྤྱི་ལོ་༦༢༤པའི་ཤིང་སྤྲེལ་ལོར་རིགས་ལྡན་བཅུ་པ་རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་པའི་ལོ་དེར་རྒྱ་གར་ནུབ་ཕྱོགས་ཁ་མ་དང་། མོ་གོ་ལ། ལ་སོགས་པའི་ཡུལ་དུ་ཀླ་ཀློ་མ་ཧ་མ་ཏིའི་དམག་བོར་ཏེ་སྟག་ཟིག་གི་ཆོས་ལུགས་དར་སྤེལ་བཏང་། དེ་ནས་ལོ་བརྒྱ་དང་གྱ་གཉིས་འདས་པའི་སྤྱི་ལོ་༨༠༦ལོར་རིགས་ལྡན་རྒྱལ་དཀས་བསྡུས་རྒྱུད་དུ་བསྟན་པའི་བྱེད་རྩིས་ཕྱག་བཞེས་མཛད་པས་རྩིས་གཞི་ཟུག དེ་ནས་ལོ་ཉིས་བརྒྱ་ཉེར་གཅིག་འདས་པའི་ཕྱི་ལོ་མེ་ཡོས་སྤྱི་ལོ་༡༠༢༧ལོར་དུས་འཁོར་བོད་སྐད་དུ་བསྒྱུར་ཞིང་བྱེད་གྲུབ་ཀྱི་རྩིས་ཉམས་པ་བསྐྱར་གསོ་བྱུང་བ་རེད། དེས་ན་འདི་རྒྱ་གར་དུ་ཀླ་ཀློའི་དམག་བོར་ནས་ནང་པའི་བསྟན་པ་ཉམས་རྒུད་ཕྱིན་པ་ནས། སླར་ཡང་དུས་འཁོར་གྱི་བསྟན་པ་བོད་ནས་བསྐྱར་དར་བྱུང་བའི་བར་ལ་ལོ་གྲངས་༤༠༣འདས་པ་ལ་མེ་མཁའ་རྒྱ་མཚོའི་འདས་ལོ་ཞེས་ཟེར། སྤྱི་ལོ་༡༠༢༧ལོར་རབ་བྱུང་དང་པོའི་འགོ་ཚུགས་པ་ནས་བོད་དུ་རབ་བྱུང་བརྩི་སྲོལ་བྱུང་བ་རེད། ཕུག་ལུགས་པ་རྣམས་ཀྱིས་མེ་མཁའ་རྒྱ་མཚོ་ཞེས་པའི་དོན་ནི། རིགས་ལྡན་རྒྱལ་རབས་བཅུ་པ་རྒྱ་མཚོ་རྣམ་རྒྱལ་ལོ་བརྒྱ་དང་གྱ་གཉིས་ཁྲིར་བཞུགས་པ་དང་། རྒྱལ་རབས་བཅུ་གཅིག་པ་རིགས་ལྡན་རྒྱལ་དཀའ་ལོ་ཉིས་བརྒྱ་ཉེར་གཅིག་ཁྲིར་བཞུགས། དེ་གཉིས་ཀྱི་ཁྲི་བཞུགས་ལོ་གྲངས་བསྡོམས་པས་༤༠༣ཡིན་པར་འགྲེལ་སྲོལ་འདུགꪤ

language:
Tibetan