- mer rgan dgon
- ID:
- T239674
- མེར་རྒན་དགོན (Tibetan, Tibetan script, Original)
- > mer rgan dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > mér gen gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་སྤྱི་ལོ་ (༡༧༢༢) ལོར་ལ་མོ་རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་གཟིགས་སྐྱོང་འོག་བཏབ། དགོན་འདི་ཐོག་མར་ད་ལྟའི་ཆི་ལན་རྫོང་དུ་ཡོད་པའི་གུར་སྒར་ཞིག་ཡིན། ལོ་འདིར་ཉན་གུར་ཡེའི་དམག་བོར་ནས་མཚོ་སྔོན་ཕྱོགས་ཀྱི་བྱང་གི་དགོན་ཆེན་ཕལ་ཆེར་མེར་བསྲེགས་སྐབས། དགོན་འདི་ཡང་ཡུལ་བུད་ནས་ད་ལྟའི་ཁྲི་ཀའི་ཡུལ་འདིར་གནས་སྤོས། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཁོངས་སུ་ཡོད།
- language:
- Tibetan