- mes po tshangs pa
- ID:
- T239681
- མེས་པོ་ཚངས་པ (Tibetan, Tibetan script, Original)
- > mes po tshangs pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > mepo tsangpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ལྷ་ཆེན་ཚངས་པའི་མིང་གི་རྣམ་གྲངས་ཤིག་སྟེ། དངུལ་ཆུ་ངྷརྨ་བྷ་དྲས་མཛད་པའི་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལས། རང་བུང་གསེར་མངལ་སྐྱེ་དགུའི་བདག་མེས་པོ་གདོང་བཞི་མི་མཇེད་བདག་དགའ་བ་བརྒྱ་པ་ཚངས་པའི་མིང་། ཞེས་གསུངས་པ་ལྟར་དང་། མེས་པོ་ཚངས་པ་ཞེས་བརྗོད་པའི་རྒྱུ་མཚན་ནི། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། མེས་པོ་ཚངས་པ་ནི། མི་མཇེད་འཇིག་རྟེན་གྱི་བདག་པོར་གྲགས་པའི་ལྷ་ཆེན་ཚངས་པའི་མིང་སྟེ། དེ་ལ་ཅིའི་ཕྱིར་མེས་པོ་ཚངས་པ་ཞེས་བརྗོད་དམ་སྙམ་ན། རིག་བྱེད་ཀྱི་གཏམ་རྒྱུད་དུ་འཇིག་རྟེན་གྱི་དང་པོའི་ཕ་རྣམས་འདིས་བསྐྱེད་པར་རློམ་པས་མེས་པོ་ཞེས་དང་། དེའི་ལུས་ཁྱད་པར་དུ་འཕགས་ཤིང་ཚད་མི་ཤེས་པ་ཞིག་བྱུང་བས། ཁྱབ་འཇུག་གིས་ཡར་བལྟས། དབང་ཕྱུག་གིས་མར་བལྟས་པས་ལུས་ཧྲིལ་པོར་མ་མཐོང་བས་འདིས་གཟུགས་ཀྱི་ཚད་ཚངས་པའོ་ཞེས་བརྗོད་པས་ཚངས་པ་ཞེས་གྲགས་ཤིང་འདིར་ཚངས་ལ་སའི་ཡང་འཇུག་སྦྱར་བ་ནི་གཞན་དང་མི་ནོར་བའི་ཕྱིར་ཡིན་པར་བཤད་དོ། །
- language:
- Tibetan