Skip to main content Skip to search
mo nad phal pa mtshan ma'i nad
ID:
T239708
  • མོ་ནད་ཕལ་པ་མཚན་མའི་ནད (Tibetan, Tibetan script, Original)
    • > mo nad phal pa mtshan ma'i nad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mo né palpa tsenmé né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མངལ་གནས་ལུས་ཅན་ལ་ཕོ་མོའི་མཚན་མ་དོད་པའི་སྐབས་སུ་འབྱུང་བའི་འཁྲི་ནད་རིགས་ཤིག་གི་མིང་སྟེ། ཟུར་མཁར་བློ་གྲོས་རྒྱལ་པོས་འཚོ་བྱེད་བདུན་གྱི་དྲིས་ལན་ལས། མོ་ནད་ཕལ་པ་མཚན་མའི་ནད་ཅེས་པ་ནི། བུད་མེད་ཀྱི་མངལ་དུ་ཆགས་པའི་ལུས་ཅན་དེ་ལ་ཕོ་མོ་གང་ཡིན་གྱི་མཚན་མ་དོད་པའི་དུས་སུ་མ་ལ་འབྱུང་བའི་འཁྲི་ནད་རིགས་ཤིག་གི་མིང་ཡིན་པ་ལས། མོ་མཚན་གྱི་ནད་དུ་འདྲེན་པ་ནི་རྣམ་པར་འཁྱམ་སྟེ་རྒྱུད་གོང་འོག་གི་དོན་ལ་མ་བརྟག་པས་ལན་ནོ། ། ཞེས་སོ། །

language:
Tibetan