- mo mtshan rlung las gyur pa'i nad
- ID:
- T239722
- མོ་མཚན་རླུང་ལས་གྱུར་པའི་ནད (Tibetan, Tibetan script, Original)
- > mo mtshan rlung las gyur pa'i nad (Tibetan, Latin script, Transliteration-THL Extended Wylie Transliteration)
- > motsen lung lé gyurpé né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མངལ་ནང་དུ་ན་ཚ་དངོས་སུ་འདི་ན་ཞེས་ཚོར་རྒྱུ་མེད་པར་བེམ་པོར་ན་བ། ཟླ་མཚན་སླ་ཞིང་ལྦུ་བ་དང་བཅས་པ་ཉུང་ངུར་འཛག་པ། ཆུ་ཁ་སྙི་བ། ཆུ་སོ་དང་ལུས་སྨད་ན་གྲོག་མ་ལྟ་བུའི་སྲོག་ཆགས་ཡོད་སྙམ་སེམས་པའི་ཚོར་བ་སྐྱེ་བ། ཟླ་མཚན་མི་ཆད་པ་རླུགས་སམ་ཡང་ན་མི་འབྱུང་བ་འཁྱིལ་ཏེ་སྐྲན་དུ་འདྲིལ་བ། མངལ་ཁ་གཅུས་པ། ཁུ་བ་ཕྱིར་ལུད་པ། མངལ་ཟུམ་པའམ་ཡང་ན་ཁ་བྱེ་སྟེ་ཧར་པོར་སོང་བ་སོགས་མངལ་ནད་མི་ཟད་པ་དུ་མར་འབྱུང་བར་བྱེད་དོ། །
- language:
- Tibetan