- mon bu lhas
- ID:
- T239731
- མོན་བུ་ལྷས (Tibetan, Tibetan script, Original)
- > mon bu lhas (Tibetan, Latin script, Transliteration-THL Extended Wylie Transliteration)
- > mön bu lhé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ལོང་ཚིགས་དང་རྒྱ་ཚིགས་ལ་ཆིངས་བྱ་ཚུལ་གྱི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། ལོང་ཚིགས་མོན་བུ་ལྷས་ནི་ཡས་ལེན་མས་གཉིས་དང་འདིའི་ཞོར་ལ་རྒྱ་ཚིགས་ཀྱི་མོན་བུ་ལྷས་ཀྱང་བསྟན་ཏེ། དེ་ཡང་ཡས་ལེན་མས་ལེན་གྱི་དགོངས་པ་ནི། བྱིང་གཞུག་ནས་ཚིགས་ཁའི་བར་ཁྱབ་པར་དཀྲི། དེ་ནས་རྟིང་པ་བསྐོར་རྐང་མཐིལ་དུ་འཐེན། དེ་ནས་གོང་དུ་ཁྱེར། དེ་ནས་བྱིན་གཞུག་དང་ཐུར་བར་བསྐོར་བ་བསྣོལ་ཞིང་རེས་དཀྲིས་རེས་བསྐོར་བའོ། །རྒྱ་ཚིགས་མོན་ལྷས་ནི། རྟིང་ཁབ་འུར་མཐིལ་འདྲ་བ་གཅིག་བྱས་ལ་དེ་རྟིང་པར་བསྐོན་ལ་སོར་མོའི་རྩ་བར་བཅིངས། དེ་ནས་བོལ་གོང་ལ་ལྷས་མ་འོང་བ་བཅིངས། ཞེས་སོ། །
- language:
- Tibetan