Skip to main content Skip to search
mon sran leb mo dkar po
ID:
T239735
  • མོན་སྲན་ལེབ་མོ་དཀར་པོ (Tibetan, Tibetan script, Original)
    • > mon sran leb mo dkar po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mön sen lebmo karpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདི་རྒྱ་ནག་གི་ཡུལ་ཕལ་མོ་ཆེར་འདེབས་འཛུགས་བྱེད་ཀྱི་ཡོད་ཅིང་། གང་བུ་ཅན་གྱི་འབྲུ་ཡི་སྡེ་སྟེ། བཏབ་ནས་ལོ་དེར་སྨིན་པའི་སྲན་རིགས་ཤིག་ཡིན། སྨན་དུ་སྦྱར་བྱ་ནི་དེའི་འབྲས་བུ་སྟེ། རོ་བསྐ་མངར། ཞུ་རྗེས་བསིལ། ནུས་པ་རྩུབ་ལྕི་རླུང་སྐྱེད་བཤང་འཕེལ་བྱེད། །འདི་དང་སྲན་རིལ་བསྐ་མངར་བསིལ་ཡང་སྐྱ། །རྩ་འགག་བད་ཀན་ཚད་སེལ་འཁྲུ་བ་གཅོད། །སྣུམ་སེལ་ཁྲག་མཁྲིས་ཚིལ་ཆེར་བྱུག་ན་ཕན། །འབྲུམ་ནག་མེ་དབལ་ལུད་པ་དག་ལ་ཕན། །

language:
Tibetan