- myong rol
- ID:
- T239785
- མྱོང་རོལ (Tibetan, Tibetan script, Original)
- > myong rol (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyong rol (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རི་མོའི་ངོས་ནས་བཤད་ན་རི་མོར་དཔྱད་པར་ཟེར། གནའ་རབས་དང་དེང་རབས་ཀྱི་ཕུལ་དུ་བྱུང་བའི་རི་མོའི་བརྩམ་བྱར་མྱོང་རོལ་བྱེད་རྒྱུ་དེ་ནི་རི་མོ་སློབ་སྦྱོང་བྱེད་པའི་ནང་གི་བརྒྱུད་རིམ་གྱི་གྲས་ཤིག་ཡིན། རི་མོ་ཞིག་ལ་བལྟ་སྐབས་ཐོག་མར་ཁྱོན་ཡོངས་ལ་བལྟ་དགོས་པ་དང་། དེ་རྗེས་ཆ་ཤས་རེ་རེ་བཞིན་བལྟ་དགོས་པ། མཇུག་ཏུ་ཆ་ཤས་ནས་ཁྱོན་ཡོངས་ལ་བལྟས་ཏེ་ཡང་སྐོར་བསྐྱར་སྐོར་གྱིས་བསམ་བློ་ཞིབ་ཕྲ་གཏོང་དགོས། ལྷག་པར་དུ་རི་མོ་བས་རི་མོའི་གྲུབ་ཆ་བཀོད་སྒྲིག་དཔེ་གསར་དང་། ངོ་མཚར་ཅན། བཅད་དང་ཚོན་སོགས་སྤྱོད་སྟངས་ལ་ཁྱད་ཆོས་ལྡན་པ། དེ་བཞིན་མི་སེམས་འགུལ་བའི་ཉམས་འགྱུར་རྣམས་མཐོང་ཐུབ་པ་དང་ཉམས་སུ་ལེན་ཐུབ་པ་བྱེད་དགོས། བརྩམ་བྱར་མྱོང་རོལ་བྱེད་པའི་བརྒྱུད་རིམ་གྱི་ནང་རང་ཉིད་ལ་ཕན་ནུས་ཆེན་པོ་ཐོན་ཐུབ་པ་སྟེ། རི་མོ་བའི་སྒྱུ་རྩལ་གྱི་བྱང་ཚད་གོང་མཐོར་གཏོང་བ། མིག་རྒྱང་རིང་དུ་འགྲོ་བ། གསར་རྩོམ་བྱེད་པར་བློ་སྒོ་འབྱེད་པ་བཅས་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།
- language:
- Tibetan