Skip to main content Skip to search
dmar po gsum
ID:
T239852
  • དམར་པོ་གསུམ (Tibetan, Tibetan script, Original)
    • > dmar po gsum (Tibetan, Latin script, Transliteration-THL Extended Wylie Transliteration)
    • > marpo sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མདོག་ལ་བལྟོས་ནས་བཏགས་པའི་བཙོད་དང་། འབྲི་མོག རྒྱ་སྐྱེགས་གསུམ་གྱི་བསྡུས་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་གི་བསྡུས་དོན་གསལ་བཀྲོལ་ལས། བཙོད་དང་འབྲི་མོག་རྒྱ་སྐྱེགས་ལ། །དམར་པོ་གསུམ་ཟེར་འབྲི་མོག་དང་། །ཞུ་མཁན་བརྗེ་བ་སྐབས་བསྟུན་པར། །དེ་ལ་ཚོས་གསུམ་ཞེས་ཀྱང་ཟེར། །གཉིས་ཀ་ལྡན་པ་དམར་པོ་བཞི། །ཞེས་གསུངས་པ་ལྟར་ལས་ཕྱག་རྒྱུན་དུ་སྟོད་ནད་ཀྱི་སྐབས་བཙོད་དང་། འབྲི་མོག རྒྱ་སྐྱེགས་གསུམ་བཏང་བ་དང། སྨད་ནད་ཀྱི་སྐབས་ཚོས་དང་། བཙོད། ཞུ་མཁན་གསུམ་གཏོང་དགོས་པ་ནི་མཁས་པའི་ཞལ་གདམས་སོ། །

language:
Tibetan