- dmu chu'i rgyu
- ID:
- T239912
- དམུ་ཆུའི་རྒྱུ (Tibetan, Tibetan script, Original)
- > dmu chu'i rgyu (Tibetan, Latin script, Transliteration-THL Extended Wylie Transliteration)
- > mu chü gyu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རླུང་དང་། མཁྲིས་པ། བད་ཀན། ཆུ་སེར། ཁྲག་བཅས་དམུ་ཆུའི་དངོས་རྒྱུ་ལྔ་པོ་དེ་ལ། རྐྱེན་ཁ་ཟས་མ་ཞུ་བ་དང་། བཤལ་བའི་རྗེས་ལ་ཟས་སྤྱོད་ལོག་པ་དང་། ནད་ཚ་བ་བཅོས་པའི་རྗེས་སུ་གཏར་ག་དང་། བསིལ་སྦྱོར་ཐལ་དྲགས་པ་དང་། ངལ་དུབ་ཀྱིས་མནར་བའི་རྗེས་ལ་ཆུ་མང་དུ་བཏུང་བ་དང་། རླན་གྱི་སྟེང་དུ་ཉལ་བ་ལ་སོགས་པས་ཕོ་བའི་མེ་དྲོད་ཉམས་པ་ནི་རྐྱེན་དངོས་ཏེ་མཚུངས་པ་དེ་མ་ཐག་རྐྱེན་ཡིན་ཞིང་། གཞན་ཡང་སྔོན་གྱི་ལས་དང་ཀླུ་བདུད་སོགས་གདོན་གདུག་པ་ཅན་གྱིས་རྟེན་བྱས་ནས་དམུ་ཆུ་རུ་འགྱུར་བར་གསུངས། འདི་ལ་དབྱེ་བ་ཆུ་རིགས་བཅོ་ལྔ་ཡོད་པ་དེ་དག་མདོར་བསྡུས་ན་ནད་ལས་གྱུར་པ་དང་། གདོན་ལས་གྱུར་པ། དུག་ལས་གྱུར་པ་གསུམ་གྱི་ནང་དུ་འདུས་ཤིང་ཡོད་པ་རེད། ནད་ལས་གྱུར་པ་ལའང་རྩ་ཁ་ལོག་པའི་འཁྱིམས་ཆུ་གཅིག་དང་། ལུས་ཕྱིར་ལ་བྱེར་བའི་བྱེར་ཆུ་གསུམ། ནང་དུ་ཟགས་པའི་ཟགས་ཆུ་བརྒྱད། རྒྱུ་མའི་ཕྱིར་རྡོལ་བའི་རྡོལ་ཆུ་གཅིག་བཅས་དབྱེ་བ་བཅུ་གསུམ་ཕྱེས་པ་རེད།
- language:
- Tibetan