Skip to main content Skip to search
dmu thag dang dmu skas
ID:
T239913
  • དམུ་ཐག་དང་དམུ་སྐས (Tibetan, Tibetan script, Original)
    • > dmu thag dang dmu skas (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mu tak dang mu ké (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བོན་པོའི་ཆོས་ལུགས་ཀྱི་བཤད་སྲོལ་དུ་སྟེང་ལྷ་ཡུལ་དང་མི་ཡུལ་བར་ཡར་མར་བསྐྱོད་ཐུབ་པའི་བརྒྱུད་ལམ་འཇའ་སྐས་སམ་ཐག་སྐས་ལྟ་བུ་ཞིག་ཡོད་ཅིང་། བོད་ཀྱི་རྒྱལ་པོའམ་བཙན་པོ་དང་པོ་གཉའ་ཁྲི་བཙན་པོ་ནི་དམུ་ཐག་ཅེས་པ་དེ་བརྒྱུད་ནས་མི་ཡུལ་དུ་བབ་པ་ཞིག་ཡིན་ལ། བོད་རྒྱལ་དང་པོ་དེ་དང་། གཉིས་པ་མུ་ཁྲི་བཙན་པོ། གསུམ་པ་དིང་ཁྲི་བཙན་པོ། བཞི་པ་སོ་ཁྲི་བཙན་པོ། ལྔ་པ་སྲིབ་ཁྲི་བཙན་པོ་བཅས་གནམ་གྱི་ཁྲི་བདུན་ཞེས་པ་དེ་དག་ཚང་མ་འདས་ཁར་དམུ་ཐག་གམ་དམུ་སྐས་དེ་བརྒྱུད་ནས་གནམ་དུ (ལྷ་ཡུལ) གཤེགས་ནས་ས་སྟེང་དུ་བང་སོ་མེད་ཟེར།

language:
Tibetan