Skip to main content Skip to search
rma smyo
ID:
T239941
  • རྨ་སྨྱོ (Tibetan, Tibetan script, Original)
    • > rma smyo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ma nyo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྨ་ལ་སྐྱོན་ཞུགས་ནས་སྨྱོ་བ་ལྟར་ལོག་པར་གྱུར་པའི་དཔེ་དོན་སྦྱར་བ་ཞིག་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། རྨ་སྨྱོ་ནི། རྨ་ལ་སྐྱོན་ཞུགས་ནས་སྨྱོ་བ་ལྟར་ལོག་པར་གྱུར་པའི་དོན་ཏེ། དེ་ཡང་ཤས་སྨྱོ་བ་ནི་ཤའུ་མཐུག་ཅིང་སྤོས་པ་རྨ་ཁར་ལུད་པ་དང་། ཁྲག་གིས་སྨྱོ་ན་ཁ་དོག་དམར་ནག་རེག་ན་རྣག་ཁྲག་འཛག་པ། རུས་པས་སྨྱོ་ན་རུས་སྟེང་ཤའུ་འཛེར་པ་ལྟར་སྐྱེ་བ། རྣག་གིས་སྨྱོ་ན་རྣག་ཆུ་མང་ལ་རྨ་ཁ་མཐོན་པོར་གྱུར་པ་བཅས་བཞིའོ། །

language:
Tibetan