- rma red
- ID:
- T239944
- རྨ་རེད (Tibetan, Tibetan script, Original)
- > rma red (Tibetan, Latin script, Transliteration-THL Extended Wylie Transliteration)
- > ma ré (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྤྱིར་རེད་ཅེས་པའི་སྒྲ་ནི་དེ་ཁོ་ན་ཉིད་སྟོན་པའི་དོན་ལ་འཇུག་ཀྱང་སྐབས་འདིར་བློ་བུར་མཚོན་རྨ་ལ་བླ་གཞན་གྱི་ནད་གཞན་སྣོན་མ་བྱུང་བའི་དོན་ལ་འཇུག་སྟེ། སློབ་དཔོན་དཔའ་བོས་མཛད་པའི་སྙིང་པོ་བསྡུས་པ་ལས། ནད་དང་འདྲེས་ན་རེད་པ་ཡིན། །དེ་དག་མེད་པ་མ་རེད་ཡིན། །ཞེས་གསུངས་པ་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། རྨ་རེད་ནི། རྨ་ལ་བླ་གཉན་གྱི་ནད་གཞན་སྣོན་མ་བྱུང་བའི་དོན་ནོ། །མ་རེད་ནི་ཤུགས་བསྟན་དུ་བླ་གཉན་གྱི་ནད་མེད་པ་ལ་གོའོ། །
- language:
- Tibetan