Skip to main content Skip to search
rmig pa gcig pa
ID:
T239964
  • རྨིག་པ་གཅིག་པ (Tibetan, Tibetan script, Original)
    • > rmig pa gcig pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mikpa chikpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྟ་དྲེལ་ལྟ་བུའི་རྨིག་ཟླུམ་ཅན་གྱི་ཕྱུགས་ཀྱི་མིང་སྟེ། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། རྨིག་པ་གཅིག་པ་ནི། སྤྱིར་རྨིག་པ་ཅན་ཞེས་རྟ་རྐྱང་བོང་བུ་དང་མཛོ་གཡག་བ་ལང་སོགས་ཀྱི་མིང་ཡིན་ཞིང་། མིང་དེ་གདགས་བྱའི་ཡུལ་ནི་སེམས་ཅན་དེ་དག་གི་རྐང་པ་དང་ལག་པ་འཐུམ་བྱེད་ཀྱི་རྭའི་མིང་ཡིན་པ་དང་། འདིར་རྨིག་པ་གཅིག་པ་ཞེས་མཛོ་གཡག་བ་ལང་སོགས་ལྟར་རྐང་ལག་གི་རྭ་དེ་དུམ་བུ་གཉིས་སུ་ཁ་གྱེས་པར་མ་ཡིན་པ་གོང་བུ་གཅིག་ཏུ་གྱུར་པའི་རྟ་རྐྱང་བོང་བུ་ལྟ་བུའི་རྨིག་ཟླུམ་ཅན་གྱི་སྤྱི་མིང་ངོ་། ། ཞེས་སོ། །

language:
Tibetan