Skip to main content Skip to search
rme ba dgon
ID:
T239975
  • རྨེ་བ་དགོན (Tibetan, Tibetan script, Original)
    • > rme ba dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mewa gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་ཞེས་ཀྱང་གྲགས། རབ་བྱུང་བཅུ་གཅིག་པའི་མེ་ཁྱི་སྤྱི་ལོ་ (༡༦༤༦) ལོར་བེར་ཚང་གསང་སྔགས་ཉི་མ་ཉེས་པས་བཻ་རོའི་ལ་ཁ་ཞེས་པར་དགོན་པ་བཏབ། རྗེས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་བྱི་ལོར་ཁམས་སྤྲུལ་བསྟན་པའི་ཉི་མས་སོག་ཐང་དུ་གནས་སྤོས་ཏེ། སོག་བཀྲ་ཤིས་ཆོས་དར་གླིང་ཞེས་གསོལ། རབ་བྱུང་བཅུ་དྲུག་པའི་ས་སྟག་སྤྱི་ལོ་ (༡༩༣༨) ལོར་མདོ་རིན་པོ་ཆེས་ཧ་ཁོག་ཏུ་དགོན་གནས་སྤོས་ནས་ཁྲི་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་ཞེས་གསོལ། རྗེས་སུ་པཎ་ཆེན་སྐུ་འཕྲེང་བཅུ་པས་དགོན་གནས་སྤོ་བར་ཐུགས་བརྟག་གནང་བ་ལྟར་རབ་བྱུང་བཅུ་དྲུག་པའི་ཆུ་ཕག་སྤྱི་ལོ་ (༡༩༨༣) ལོར་མཆོག་སྤྲུལ་འཇམ་དབྱངས་ཤེས་རབ་རྒྱ་མཚོས་ད་ལྟའི་བཞུགས་སྒར་བསྐྱར་བཞེངས་མཛད་པའོ། །གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྨེ་བ (ཧང་ཡོན) རྫོང་ཁོངས་སུ་ཡོད།

language:
Tibetan