- rme ru dgon pa
- ID:
- T239977
- རྨེ་རུ་དགོན་པ (Tibetan, Tibetan script, Original)
- > rme ru dgon pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > mé ru gönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ལྷ་ས་གྲོང་ནང་གི་རྨེ་རུ་དགོན་ནི་དུས་རབས་དགུ་པའི་ནང་བཙན་པོ་ཁྲི་རལ་པ་ཅན་གྱི་དུས་ལྷ་སའི་ཕྱོགས་བཞིར་མཆོད་ཁང་དང་དགེ་འདུན་གྱི་སྡེ་གཉིས་རེ་བཙུགས་པ་ལས་ཤར་རྨེ་རུ་དང་ཀ་རུ་ཞེས་བྱུང་བ་གླང་དར་མས་བསྣུབས། ཇོ་བོ་རྗེ་ཕེབས་ནས་སླར་ཡང་དགེ་འདུན་གྱི་སྡེ་ཆེན་པོ་ཚུགས་པའི་བླ་མ་ཆེན་པོ་ཤར་པ་ཞེས་སོགས་བྱུང་ཞེས་ཆོས་འབྱུང་བཻཌཱུརྱ་སེར་པོ་ནང་གསལ་ཞིང་། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པའི་དུས་སུ་དགེ་ལུགས་ཀྱི་གྲོང་ཆོག་པར་གྱུར། དུས་རབས་བཅོ་བརྒྱད་པའི་ནང་རྒྱལ་པོ་ལྷ་བཟང་ཁང་གི་རྨེ་རུ་གྲྭ་ཚང་གསར་རྒྱག་བྱས་ནས་གྲྭ་ཚང་ཚུགས། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་གྲྭ་གྲངས་༡༨༠ཡོད་འདུག དེ་སྔ་དགོན་བདག་ཡིག་ཚང་ལས་ཁུངས་ནས་བྱེད་པར་བརྟེན་གཞུང་དགོན་ཞེས་ཟེར། །
- language:
- Tibetan
2. Thupten Phuntsok Dictionary
ལྷ་ས་གྲོང་ནང་གི་རྨེ་རུ་དགོན་ནི་དུས་རབས་དགུ་པའི་ནང་བཙན་པོ་ཁྲི་རལ་པ་ཅན་གྱི་དུས་ལྷ་སའི་ཕྱོགས་མཆོད་ཁང་དང་དགེ་འདུན་གྱི་སྡེ་གཉིས་རེ་བཙུགས་པ་ལས་ཤར་དུ་རྨེ་རུ་དང་ཀ་རུ་ཞེས་བྱུང་བ་གླང་དར་མས་བསྣུབས། ཇོ་བོ་རྗེ་ཕེབས་ནས་སླར་ཡང་དགེ་འདུན་གྱི་སྡེ་ཆེན་པོ་ཚུགས་པའི་བླ་མ་ཆེན་པོ་ཤར་པ་ཞེས་སོགས་བྱུང་ཞེསཆོས་འབྱུང་བཻཌཱུརྱ་སེར་པོ》ནང་གསལ་ཞིང་། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པའི་དུས་ནས་དགེ་ལུགས་ཀྱི་གྲོང་ཆོག་པར་གྱུར། དུས་རབས་བཅོ་བརྒྱད་པའི་ནང་རྒྱལ་པོ་ལྷ་བཟང་ཁང་གི་རྨེ་རུ་གྲྭ་ཁང་གསར་རྒྱག་བྱས་ནས་གྲྭ་ཚང་ཚུགས། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་གྲྭ་གྲངས༡༨༠ཡོད་འདུག དེ་སྔ་དགོན་བདག་ཡིག་ཚང་ལས་ཁུངས་ནས་བྱེད་པར་བརྟེན་གཞུང་དགོན་ཞེས་ཟེར།
- language:
- Tibetan