Skip to main content Skip to search
rmon pa dor bsdebs
ID:
T239997
  • རྨོན་པ་དོར་བསྡེབས (Tibetan, Tibetan script, Original)
    • > rmon pa dor bsdebs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mönpa dor deb (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ས་ཞིང་ལ་རྨོན་པ་རྒྱག་སྐབས་གླང་དང་མཛོ་སོགས་གཉིས་རེ་ཆ་བསྒྲིགས་ཏེ་ཞིང་རྨོ་བ་ཟེར། དེ་ཡང་མཛོ་དང་གླང་ཡ་རེས་ཞིང་རྨོ་བ་ལས་ཆ་རེས་ཞིང་རྨོ་བ་དེ་ཡི་ཁྱད་ཆོས་ནི། ཐོང་གཤོལ་འཐེན་ཤུགས་ཆེ་བས་རྨོན་པ་གཏིང་རིང་བ་དང་གཅིག རྨོན་གླང་ཆ་གཅིག་ཡོད་པས་ས་ཞིང་རྨོ་མགྱོགས་པ་དང་གཉིས། ས་ཞིང་རྨོ་བའི་ཟུར་ཚད་འདྲོང་པོ་ཡོང་བ་དང་གསུམ་བཅས་ཡིན། ས་ཞིང་རྒྱ་ཁྱོན་གྱི་ཚད་གཞི་རྩི་སྐབས་དོར་མང་ཉུང་གི་ཚད་རྩིས་གཞིར་འཛིན་པ་དང་། རྨོན་ཕྱུགས་གཉིས་ཀྱིས་ཉིན་གཅིག་ལ་ཇི་ཙམ་རྨོ་ཐུབ་པ་དེ་ཡི་རྒྱ་ཁྱོན་ལ་དོར་གཅིག་ཟེར། འདི་སྐོར་ཁོ་བོས་བྲིས་པའི་བཙན་པོ་སྲོང་བཙན་སྒམ་པོའི་ལོ་རྒྱུས་ནང་གསལ་བས་དེར་གཟིགས། །

language:
Tibetan

2. Thupten Phuntsok Dictionary

ས་ཞིང་ལ་རྨོན་པ་རྒྱག་སྐབས་གླང་དང་མཛོ་སོགས་གཉིས་རེ་ཆ་བསྒྲིགས་ཏེ་ཞིང་རྨོ་བ་ལ་ཟེར། དེ་ཡང་མཛོ་དང་གླང་ཡ་རེས་ཞིང་རྨོ་བ་ལས་ཆ་རེས་ཞིང་རྨོ་བ་དེ་ཡི་ཁྱད་ཆོས་ནི། ཐོང་གཤོལ་འཐེན་ཤུགས་ཆེ་བས་རྨོན་པ་གཏིང་རིང་བ་དང་གཅིག རྨོན་གླང་ཆ་གཅིག་ཡོད་པས་ས་ཞིང་རྨོ་མགྱོགས་པ་དང་གཉིས། ས་ཞིང་རྨོ་བའི་ཟུར་ཚད་འདྲོང་པོ་ཡོང་བ་དང་གསུམ་བཅས་ཡིན། ས་ཞིང་རྒྱ་ཁྱོན་གྱི་ཚད་གཞི་རྩི་སྐབས་དོར་མང་ཉུང་གི་ཚད་རྩིས་གཞིར་འཛིན་པ་དང་། རྨོན་ཕྱུགས་གཉིས་ཀྱིས་ཉིན་གཅིག་ལ་ཇི་ཙམ་རྨོ་ཐུབ་པ་དེ་ཡི་རྒྱ་ཁྱོན་ལ་དོར་གཅིག་ཟེར། འདི་སྐོར་དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་བྲིས་པའི་བཙན་པོ་སྲོང་བཙན་སྒམ་པོའི་ལོ་རྒྱུས་ནང་གསལ་བས་དེར་གཟིག།

language:
Tibetan