- sman khang pa ngag dbang chos 'phel
- ID:
- T240075
- སྨན་ཁང་པ་ངག་དབང་ཆོས་འཕེལ (Tibetan, Tibetan script, Original)
- > sman khang pa ngag dbang chos 'phel (Tibetan, Latin script, Transliteration-THL Extended Wylie Transliteration)
- > men khangpa ngawang chö pel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་གཙང་ཁུལ་དུ་ཡབ་དར་རྒྱས་དང་ཡུམ་ཚེ་རིང་བསམ་གྲུབ་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་ཕག(༡༦༣༥)ལོར་འཁྲུངས། དགུང་ལོ་ལྔ་ལ་ཤེལ་དཀར་ཆོས་སྡེའི་མཁན་པོ་ལེགས་པ་དོན་གྲུབ་དྲུང་དུ་གཙུག་ཕུད་ཕུལ། དགུང་ལོ་བཅུ་གཅིག་ལ་ཤེལ་དཀར་ཆོས་སྡེར་ཆོས་ཞུགས་མཛད། གཞུང་ཆེན་ལྔར་བསན་བསམ་གནང་། དགུང་ལོ་བཅོ་བརྒྱད་ལ་རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོའི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས། དགུང་ལོ་བཅུ་དགུ་ལ་རྟ་ནག་རྗེ་དམ་ཆོས་རྒྱན་མཚན་་པ་ནས་བྱང་ཆུབ་ལམ་རིམ་སོགས་ཀྱི་བཤད་ལུང་གསན། དགུང་ལོ་ཉེར་བ་ལ་མཁན་པོ་བཀྲ་ཤིས་རྒྱ་མཚོའི་དྲུང་དུ་བསྙེན་རྫོགས་བསྒྲུབས། དགུང་ལོ་སོ་གཉིས་ལ་ངམ་རིང་ཆོས་སྡེར་གྲྭ་སྐོར་མཛད། དགུང་ལོ་སོ་གསུམ་ལ་རྒྱལ་བའི་བཀའ་འགྱུར་ཁོངས་འབུམ་པོད་བཞི་དང་། ཤེས་རབ་ཁྲི་པ་སོགས་པོད་འགའ་ཐུགས་འཛིན་གྱིས་ཚོགས་གཞུང་ལ་རྒྱུགས་འབུལ་མཛད་ཅིང་། དགུང་ལོ་བཞི་བཅུ་ནས་ལོ་ཤས་རིང་དགོན་པ་ཞིག་གསོའི་ཕྱག་ལས་འགན་བཞེས། དགུང་ལོ་ཞེ་གཉིས་ནས་ལོ་ཤས་རིང་ཁ་ཟས་རགས་པ་རྒྱུན་གཅོད་མཛད་དེ་མཚམས་སྒོ་འདག་སྦྱར་གྱིས་སྐུ་མཚམས་ལ་བཞུགས། དགུང་ལོ་ཞེ་བདུན་ཐཕོག་དགེ་སློང་དོན་གྲུབ་དང་ལྷན་དུ་རྟ་ནག་དུ་ཕེབས་ནས་རྗེ་དམ་ཆོས་རྒྱན་མཚན་དང་མཇལ། དེ་ནས་དབུས་སུ་ཕེབས་ནས་སེ་འབྲས་དང་། རྭ་སྒྲེང་། ལྷོ་དྭགས་སོགས་ལ་གནས་འཇལ་དུ་ཕེབས་རྗེས་གཙང་དུ་པཎ་ཆེན་བློ་བཟང་ཡེ་ཤེས་མཇལ་བར་བྱོན། སྟོད་ཁུལ་རྗེ་བཙུན་མི་ལའི་སྒྲབ་གནས་ཆུ་དབར་བྲག་དམར་དུ་སྒྲུབ་པ་རྩེ་གཅིག་ཏུ་མཛད། དགའ་ལྡན་ཆོས་འཕེལ་དུ་ཆོས་ཇེ་སྙེད་གནང་། ཤེལ་དཀར་དགོན་སོགས་རྟེན་བཞེངས་ཀྱི་བྱ་བ་རྒྱ་ཆེ་མཛད། ཕྱག་རྩོམ། 《ངོ་མཚར་མེད་ཀྱང་ངག་དབང་ཆོས་འཕེལ་གྱི་བྱ་ཕྲན་ཁྱུང་རྗེས་རྙོག་དྲའི་རྣམ་ཐར》《འཁྲུངས་རབ་གསོལ་འདེབས་གསང་བ་དྲི་མེད》སོགས་པོད་གཉིས་ཙམ་མཛད། དགུང་ལོ་དོན་གསུམ་ལ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་མེ་ཕག(༡༧༠༧)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ནི་གཙང་ཁུལ་དུ་ཡབ་དར་རྒྱས་དང་ཡུམ་ཚེ་རིང་བསམ་གྲུབ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་ཕག་ (༡༦༣༥) ལོར་འཁྲུངས། དགུང་ལོ་ལྔ་ལ་ཤེལ་དཀར་ཆོས་སྡེའི་མཁན་པོ་ལེགས་པ་དོན་གྲུབ་དྲུང་དུ་གཙུག་ཕུད་ཕུལ། དགུང་ལོ་བཅུ་གཅིག་ལ་ཤེལ་དཀར་ཆོས་སྡེར་ཆོས་ཞུགས་མཛད། གཞུང་ཆེན་བཀའ་པོད་གསན་བསམ་གནང་། དགུང་ལོ་བཅོ་བརྒྱད་ལ་རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོའི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས། དགུང་ལོ་བཅུ་དགུ་ལ་རྟ་ནག་རྗེ་དམ་ཆོས་རྒྱལ་མཚན་ས་ནས་བྱང་ཆུབ་ལམ་རིམ་སོགས་ཀྱི་བཤད་ལུང་གསན། དགུང་ལོ་དོན་གསུམ་ལ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་མེ་ཕག (༡༧༠༧) ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ 1635 ལོར་གཙང་ཁུལ་དུ་ཡབ་དར་རྒྱས་དང་། ཡུམ་ཚེ་རིང་བསམ་གྲུབ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ 1707 ལོར་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་ཤེལ་དཀར་ཆོས་སྡེའི་མཁན་པོ་ལེགས་པ་དོན་གྲུབ་ལ་གཙུག་ཕུད་ཕུལ། དགུང་ལོ་བཅུ་གཅིག་པར་ཤེལ་དཀར་ཆོས་སྡེའི་ཆོས་སྒོར་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད། དགུང་ལོ་བཅོ་བརྒྱད་པར་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ལས་རབ་བྱུང་གི་སྡོམ་པ་ཞུས། དགུང་ལོ་བཅུ་དགུ་ལ་རྟ་ནག་ཆོས་རྗེ་དམ་ཆོས་རྒྱལ་མཚན་ལས་བྱང་ཆུབ་ལམ་རིམ་སོགས་ཀྱི་བཤད་ལུང་གསན། [1323] དགུང་ལོ་ཉེར་བཞི་པར་མཁན་པོ་བཀྲ་ཤིས་རྒྱ་མཚོ་ལས་བསྙེན་རྫོགས་བསྒྲུབས། དགུང་ལོ་སོ་གཉིས་པར་ཆོས་སྡེའི་གྲྭ་སྐོར་མཛད། དགུང་ལོ་སོ་གསུམ་པར་རྒྱལ་བའི་བཀའ་འགྱུར་གྱི་ཁོངས་གཏོགས་འབུམ་པོད་བཞི་དང་། ཤེས་རབ་ཁྲི་པ་སོགས་པོད་འགའ་ཐུགས་འཛིན་མཛད་ཅིང་ཚོགས་རྒྱུགས་ཕུལ། དགུང་ལོ་བཞི་བཅུ་བར་ལོ་ཤས་རིང་དུ་དགོན་པ་ཞིག་གསོའི་ཕྱག་ལས་ཀྱི་ཐུགས་འགན་བཞེས། དགུང་ལོ་ཞེ་གཉིས་པར་ལོ་ཤས་རིང་དུ་ཁ་ཟས་རགས་པ་རྒྱུན་གཅོད་མཛད་དེ་མཚམས་སྒོ་འདག་སྦྱར་གྱིས་སྐུ་མཚམས་དམ་པོར་བཞུགས། དགུང་ལོ་ཞེ་བདུན་པར་དགེ་སློང་དོན་གྲུབ་དང་ལྷན་དུ་རྟ་ནག་ཏུ་ཕེབས་ཏེ་ཆོས་རྗེ་རྟ་ཕུག་པ་དམ་ཆོས་རྒྱལ་མཚན་དང་མཇལ་ཞིང་ཆོས་འབྲེལ་ཞུས། དེ་ནས་དབུས་སུ་ཕེབས་ཏེ་སེ་ར་དང་། འབྲས་སྤུངས། རྭ་སྒྲེང་། ལྷོ་ཁ། དྭགས་པོ་སོགས་ལ་གནས་མཇལ་ཕེབས། དེ་ནས་གཙང་དུ་ཕེབས་ཏེ་པཎ་ཆེན་བློ་བཟང་ཡེ་ཤེས་དང་མཇལ་ཞིང་ཆོས་འབྲེལ་ཞུས། དགའ་ལྡན་ཆོས་འཕེལ་དུ་བཞུགས་ནས་བཀའ་ཆོས་མང་དུ་གནང་། དེ་རྗེས་སྟོད་ཁུལ་རྗེ་བཙུན་མི་ལ་རས་པའི་སྒྲུབ་གནས་ཆུ་དཔར་བྲག་དམར་དུ་སྒྲུབ་པ་རྩེ་གཅིག་ཏུ་མཛད། ཤེལ་དཀར་དགོན་སོགས་ལ་རྟེན་དང་བརྟེན་པ་མང་དུ་བཞེངས་པ་མཛད། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དོན་བཅུ་དོན་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་གི་གསུང་རྩོམ་ནི《འཁྲུངས་རབས་གསོལ་འདེབས་གསང་བ་དྲི་མེད》དང་། 《ངོ་མཚར་མེད་ཀྱང་ངག་དབང་ཆོས་འཕེལ་གྱི་བྱ་ཕྲན་ཁྱུང་[1324]རྗེས་རྙོག་འདྲའི་རྣམ་ཐར》། 《འཆལ་གཏམ་ཚིག་ལ་མགུར་བཏགས་ཚིག་ཕྲེང》བཅས་པོད་གཉིས་བཞུགས་སོ། །
- language:
- Tibetan