Skip to main content Skip to search
sman ri dgon
ID:
T240111
  • སྨན་རི་དགོན (Tibetan, Tibetan script, Original)
    • > sman ri dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > men ri gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བོད་ལྗོངས་རྣམ་གླིང་རྫོང་ཁོངས་སུ་ཡོད། དེ་ནི་རྗེ་ཤེས་རབ་རྒྱལ་མཚན་གྱིས་སྤྱི་ལོ (༡༤༠༦) ལོར་ཕྱག་བཏབ་པར་གྲགས། དགོན་པ་འདི་ནི་གཡུང་དྲུང་བོན་གྱི་དགོན་སྡེ་གྲགས་ཆེ་བ་ཞིག་ཡིན། གདན་འཛིན་རྒྱལ་ཚབ་སྨྲ་བའི་དབང་ཕྱུག་རིན་ཆེན་རྒྱལ་མཚན་ནས་བཟུང་མཁན་རབས་སུམ་ཅུ་སོ་གཉིས་བྱོན་པ་གྲྭ་ཚང་སྟོད་དང་། གླིང་སྨད། གླིང་སྐེད། གླིང་ཟུར་བཞིར་གྱེས་པ། དགོན་འདིར་གཡུང་དྲུང་བོན་གྱི་མདོ་སྔགས་ཀྱི་ཕྱག་ལེན་བརྒྱུད་པ་དང་། རྟེན་གསུམ་བྱིན་ཅན་བཅས་བཞུགས་ཡོད་པའོ། །

language:
Tibetan