Skip to main content Skip to search
smug po gab pa
ID:
T240137
  • སྨུག་པོ་གབ་པ (Tibetan, Tibetan script, Original)
    • > smug po gab pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mukpo gabpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྣོད་ཀྱི་ཚད་པ་ལ་གྲང་བས་མགོ་འགེབ་པའི་རྟགས་ནི། རྩ་རྒྱུད་ཕྲ་ལ་གཏིང་དུ་བྱིང་བ། ཆུ་མདོག་ལྗང་། ལུས་ལྕི། སྒྱིད་པ་སྐྱུར། ཟས་ཡི་ག་འགྲིབ། མཆིན་དྲི་དང་རོ་རྒྱབ་ན། སྒྲེག་པ་འབྱུང་། ཁ་དྲི་ངན། བྲོ་བ་མི་ཚོར། སྐྱུག་ན་ཕན་སྙམ་བྱེད། ལུས་རྔུལ་ཞིང་གྲང་བ། ཞོ་དང་དར་བ་སོགས་བཏུང་ནས་ལུས་གྲང་བའི་རྗེས་སུ་ལོང་ན་ཟུག་གཟེར་འབྱུང་བ། ཟས་སྤྱོད་དྲོ་ན་བདེ་བར་མངོན་པ། ཟས་གང་ཟོས་འཇུ་བ་དཀའ། ཕོ་བ་འཆིང་། དྲི་ཆེན་སྐམ།

language:
Tibetan